Skip to main content Skip to search
'gro mgon gtsang pa rgya ras
ID:
T227846
  • འགྲོ་མགོན་གཙང་པ་རྒྱ་རས (Tibetan, Tibetan script, Original)
    • > 'gro mgon gtsang pa rgya ras (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dro gön tsangpa gya ré (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཙང་པ་རྒྱ་རས་པ་ཡེ་ཤེས་རྡོ་རྗེ། རབ་བྱུང་གསུམ་པའི་ལྕགས་སྦྲུལ (༡༡༦༡) ལོ་ནས་རབ་བྱུང་བཞི་པའི་ལྕགས་ལུག་ (༡༢༡༡) ལོའི་བར་དགུང་ལོ་ང་གཅིག་བཞུགས། འཁྲུངས་ཡུལ་མྱང་སྟོད་ཁུ་ལེ། ཡབ་རྒྱ་ཟུར་ཕོ་ཚབ་པེ་དང་། ཡུམ་མར་བཟའ་དར་སྐྱིད་ལ་སྲས་བདུན་ཡོད་པའི་ནང་ནས་ཆུང་ཤོས་ཡིན། དགུང་ལོ་བརྒྱད་པ་ལ་ཡུམ་གཤེགས་། དགུང་ལོ་བཅུ་གཉིས་པ་ནས་ཉི་ཤུ་རྩ་གཉིས་བར་དུ་གསང་སྔགས་གསར་རྙིང་གི་ཆོས་མང་པོ་གསན། དེ་ནས་གྲུབ་ཆེན་གླིང་རས་པ་དང་མཇལ་ནས་ཆོས་མང་པོ་གསན་ཞིང་ལོ་ལྔའི་རིང་བཞུགས་ནས་གདམས་ངག་ཐམས་ཅད་ཚང་བར་ཐོབ། དགུང་ལོ་སོ་གསུམ་པ་ལ་རབ་བྱུང་དང་བསྙེན་རྫོགས་སྟབས་ཅིག་ཏུ་མཛད། དེ་ནས་མི་རིང་བར་འབྲུག་ཏུ་དགོན་པ་བཏབ། དེ་ནས་བཟུང་འབྲུག་པའི་ཆོས་ལུགས་ཀྱིས་བོད་ས་ཁུལ་ཡོངས་ལ་ཁྱབ་པ་ལྟ་བུར་གྱུར་ཏེ། མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲང་པོ། སྤྲང་ཕྱེད་གྲུབ་ཐོབ་ཟེར་བའི་གཏམ་ཀུན་གྱིས་གླེང་བ་བྱུང།

language:
Tibetan