Skip to main content Skip to search
rgya dkar blo gros rgyal mtshan
ID:
T227917
  • རྒྱ་དཀར་བློ་གྲོས་རྒྱལ་མཚན (Tibetan, Tibetan script, Original)
    • > rgya dkar blo gros rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gya kar lodrö gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

དཔལ་ས་སྐྱ་དགོན་གྱི་ཁྲི་པ་ཉི་ཤུ་པ་འདི་ཉིད་རྒྱ་དཀར་ཤེས་རབ་རྒྱལ་མཚན་གྱི་གཅུང་པོ་ཡིན་ཞིང་། རབ་བྱུངབདུན་པའི་ཤིང་བྱི (༡༤༤༤) ལོར་ཡབ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དང་ཡུམ་ཁྲོ་བའི་སྲས་མོ་མ་གཅིག་དཔལ་བྱུང་རྒྱལ་མོ་གཉིས་ཀྱི་སྲས་སུ་ཤབ་དགེ་ལྡིང་གི་སའི་ཆ་ལྕམ་མོ་གྱང་གྲོང་དུ་སྐུ་བལྟམས། དགུང་ལོ་བདུན་པ་ལྕགས་རྟ (༡༤༥༠) ལོར་འཇམ་དབྱངས་ཀུན་མཆོག་བཟང་པོའི་དྲུང་ནས་རབ་ཏུ་བྱུང་། མཚན་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། དགུང་ལོ་བརྒྱད་པར་གཅེན་པོ་དང་ལྷན་དུ་ས་སྐྱར་ཁྲི་འདོན་མཛད། དགུང་ལོ་བཅུ་བཞི་པ་མེ་གླང (༡༤༥༧) ལོར་མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་དགུ་པ་ཆུ་རྟ (༡༤༦༢) ལོར་གདན་ས་ཆེན་པོ་རྩིས་བཞེས་མཛད། དགུང་ལོ་ང་གཉིས་པ་རབ་བྱུང་བརྒྱད་པའི་ཤིང་ཡོས (༡༤༩༥) ལོར་ཞི་བར་གཤེགས།

language:
Tibetan

2. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བདུན་པའི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ 1444 ལོར་ཤབ་དགེ་སྡིང་གི་ལྕམ་མོ་གཡང་གྲོང་དུ་ཡབ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དང་། ཡུལ་ཁྲོ་མདའ་བའི་སྲས་མོ་མ་གཅིག་དཔལ་འབྱུང་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ 1495 ལོར་སྐུ་གཤེགས། ཁོང་དགུང་ལོ་བདུན་པར་དགེ་ལྡིང་བླ་བྲང་དུ་རིགས་ལྡན་དྲག་པོའི་རྣམ་འཕྲུལ་འཇམ་དབྱངས་དཀོན་མཆོག་བཟང་པོ་ལས་རབ་ཏུ་བྱུང་ཞིང་མཚན་ལ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། དགུང་ལོ་བརྒྱད་པར་གཅེན་པོ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་དང་མཉམ་དུ་ས་སྐྱར་ཁྲི་འདོན་མཛད། དགུང་ལོ་བཅུ་པ་ནས་དགུང་ལོ་བཅུ་གསུམ་གྱི་བར་དུ་འཇམ་དབྱངས་དཀོན་མཆོག་བཟང་པོ་ལས་ཚད་མ་རྣམ་འགྲེལ་དང་། ཚད་མ་རིགས་གཏེར། རྒྱལ་སྲས་ལམ་བཟང་། སྡོམ་གསུམ་རབ་དབྱེ། དབུ་མ་རྩ་ཤེར། ཐེག་པ་ཆེན་པོའི་སེམས་བསྐྱེད། [359] གསུང་ངག་རིན་པོ་ཆེ་ཆ་ཚང་། དུས་འཁོར་གྱི་དབང་། གསང་འདུས་ཀྱི་དབང་། རིགས་ལྔའི་སྨར་ཁྲིད་བཅས་ཞུས། དགུང་ལོ་བཅུ་བཞི་པར་མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་ལས་དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་བཅུ་དགུ་པར་ས་སྐྱའི་གདན་སར་ཕེབས་ཏེ་རྩིས་བཞེས་མཛད། དགུང་ལོ་ཉེར་གཅིག་པར་མུས་ཆེན་སེམས་དཔའ་ཆེན་པོས་མཁན་པོ་དང་། ཞྭ་ལུ་བ་སངས་རྒྱས་དཔལ་བཟང་གིས་ལས་སློབ། སློབ་དཔོན་སླེ་ཆུང་མཁན་པོ་དཀོན་མཆོག་བློ་གྲོས་ཀྱིས་གསང་སྟོན་མཛད་ཅིང་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ལོ་དེར་དཔོན་སློབ་ཉུང་ཤས་དང་བཅས་ཁམས་ཕྱོགས་སུ་ཕེབས་ནས་ལོ་ངོ་ལྔ་ཙམ་བཞུགས་ཏེ་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད་དེ་སླར་ཡང་གདན་ས་ཆེན་པོར་ཕེབས། དགུང་ལོ་ཉེར་བརྒྱད་པར་བཞི་ཐོག་བླ་བྲང་གི་ཆོས་གཞིས་དང་བཅས་པ་གཅེན་པོ་ལ་ཕུལ་ཏེ་བྱ་བྲལ་ཁོ་ནར་ཐུགས་གཏད། དེ་ནས་ནོར་བུ་ཁྱུང་རྩེ་དང་འཕན་པོ་ན་ལེནྡྲར་ཕེབས་ཏེ་སླར་ས་སྐྱར་ཆིབས་བསྒྱུར་མཛད། བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ཅིང་དགུང་ལོ་ལྔ་བཅུ་ང་གཉིས་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ས་སྐྱ་དགོན་པའི་ཁྲི་པ་ཉི་ཤུ་པ་ཡིན། །

language:
Tibetan