- rgya dkar shes rab rgyal mtshan
- ID:
- T227918
- རྒྱ་དཀར་ཤེས་རབ་རྒྱལ་མཚན (Tibetan, Tibetan script, Original)
- > rgya dkar shes rab rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > gya kar sherab gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དཔལ་ས་སྐྱ་དགོན་གྱི་ཁྲི་པ་བཅུ་དགུ་པ་འདི་ཉིད་ཡབ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དང་། ཡུམ་ཁྲོ་མདའ་བའི་སྲས་མོ་མ་གཅིག་དཔལ་བྱུང་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་མེ་འབྲུག (༡༤༣༦) ལོར་སྐུ་བལྟམས། དགུང་ལོ་ཉེར་བདུན་བཞེས་པ་རབ་བྱུང་བརྒྱད་པའི་ཆུ་རྟ་ (༡༤༦༢) ལོར་མདོ་སྨད་དུ་ཕེབས་སྐབས་ལམ་འཛོལ་ནས་ཧོར་གྱི་ཡུལ་ཞིག་ཏུ་འབྱོར། ཐོག་མར་སྐད་བརྡ་མི་འཕྲོད་ཀྱང་ས་སྐྱའི་སྐྱེས་ཆེན་དམ་པ་ཡིན་པར་རྟོགས་ནས་འགྲོ་དོན་རྒྱ་ཆེར་འཕེལ། དེ་ནས་གྲུབ་རྫ་ཞེས་པའི་ཡུལ་ཤིན་ཏུ་མཐོ་ཞིང་ཆུ་མེད་ས་ཞིག་ཏུ་ཕེབས་པས་རྗེ་འདིས་བྲག་ལ་ཕུར་པ་བཙུགས་ནས་ཆུ་བཏོན་པ་དང་། ཁ་བ་ཆེན་པོ་བབས་ནས་འགྲོ་ལམ་མི་རྙེད་པའི་ཚེ་འབྲོང་རྐྱང་ཤ་བ་སོགས་ཀྱིས་ལམ་སྣ་ཁྲིད་པ་སོགས་གྲུབ་པའི་རྟགས་མཚན་དུ་མ་བསྟན་པ་སོགས་རྣམ་ཐར་ངོ་མཚར་ཤིན་ཏུ་ཆེ། མཐར་དགུང་ལོ་ང་དགུ་བཞེས་པ་རབ་བྱུང་བརྒྱད་པའི་ཤིང་སྟག (༡༤༩༤) ལོར་ཤབ་དགེ་ལྡིང་དུ་སྐུ་གཤེགས།
- language:
- Tibetan