- rgya nag gi nang pa'i gnas ri rtsa chen bzhi
- ID:
- T227957
- རྒྱ་ནག་གི་ནང་པའི་གནས་རི་རྩ་ཆེན་བཞི (Tibetan, Tibetan script, Original)
- > rgya nag gi nang pa'i gnas ri rtsa chen bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyanak gi nangpé né ri tsa chen shyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
༡ ཨུ་ཐའི་ཧྲན་ཏེ་རྒྱ་ནག་རི་བོ་རྩེ་ལྔ་ཞེས་མིང་གཞན་ལ་རི་བོ་དྭངས་བསིལ་ཡང་ཟེར་ཞིང་ཧྲན་ཞི་ཞིང་ཆེན་ཨུ་ཐའི་རྫོང་གི་ཤར་བྱང་དུ་ཡོད། ༢ ཕུ་ཐོ་ཧྲན་ཏེ་པོ་ཏ་ལ་ཞེས་ཀྲེ་ཅང་ཞིང་ཆེན་གྱི་ཕུ་ཐོ་རྫོང་ཁོངས་ཀྲའུ་ཧྲན་གླིང་ཚོམ་གྱི་ཡ་གྱལ་དུ་གཏོགས། ༣ ཨོ་མེ་ཧྲན་ཏེ་གླང་ཆེན་འགྱིང་རི་ནི་ཟི་ཁྲོན་ཞིང་ཆེན་ལི་ཧྲན་ས་ཁུལ་དུ་ཡོད། ༤ ཅུའུ་ཧྭ་ཧྲན་ཏེ་ཨན་ཧུས་ཞིང་ཆེན་ཆིན་དབྱང་རྫོང་གི་ནུབ་ལྷོའི་རྒྱུད་ཀྱི་སྤྱི་ལེ་ཉི་ཤུའི་སར་ཡོད། གནས་རི་སོ་སོའི་སྐོར་ཞིབ་ཕྲ་ཀ་མད་ཀྱི་གོ་རིམ་ལྟར་བཀོད་ཡོད་པས་ཁུངས་སོ་སོར་གཟིགས་པར་ཞུ།
- language:
- Tibetan