Skip to main content Skip to search
rgya nad tshad 'khru
ID:
T227962
  • རྒྱ་ནད་ཚད་འཁྲུ (Tibetan, Tibetan script, Original)
    • > rgya nad tshad 'khru (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gya né tsé tru (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྒྱ་གར་ནག་སོགས་ཚ་བ་ཆེ་བའི་ཡུལ་དུ་ས་ཆུ་མ་འཕྲོད་པ་ལས་བྱུང་བའི་འཁྲུ་ནད་ཀྱི་མིང་སྟེ། མན་ངག་ཡོན་ཏན་རྒྱུད་ལས། རྒྱུ་རྐྱེན་མེ་དྲོད་མི་སྙོམས་ཆུང་བ་ལ། དྲོད་རླངས་ཆེ་བའི་ཡུལ་སར་ཆུ་མང་འཐུངས། ཟས་ཚོད་མ་ཟིན་ཤ་རིད་ཤིང་ཐོག་འབྲུ། བཅུད་མེད་ཟས་ཀྱིས་མེ་དྲོད་ཕྱིར་ལ་བཏོན། ཕྱི་ཡུལ་དྲོད་རླངས་ཆེ་བས་མཆིན་ཚད་སྐྱེད། ལུས་ཀྱི་ཆུ་ཁམས་ཐུར་བསྐྱོད་འཁྲུ་བར་འགྱུར། ཞེས་དང་། བཀྲ་འབུམ་པས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། རྒྱ་ནད་ཚ་འཁྲུ་ནི། རྒྱ་གར་ཡུལ་དུ་ས་ཆུ་མ་འཕྲོད་པ་ལས་བྱུང་བའི་བཤལ་ནད་ཅིག་གི་མིང་།

language:
Tibetan