- rgyang sha las byed
- ID:
- T228046
- རྒྱང་ཤ་ལས་བྱེད (Tibetan, Tibetan script, Original)
- > rgyang sha las byed (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyang sha lejé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བྱེད་ལས་ལ་བལྟོས་ནས་བཏགས་པའི་གྲེ་བའི་གཡས་གཡོན་ན་གནས་པའི་ཤ་གནད་ཀྱི་མིང་སྟེ། བཀྲ་འབུམ་པས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། རྒྱང་ཤ་ལས་བྱེད་གཉིས་ནི། གྲེ་བའི་གཡས་གཡོན་དུ་དབྱིབས་རྒྱང་བུ་བཞག་པ་ལྟར་གནས་པའི་ཤ་གནད་གཉིས་ཀྱི་མིང་ཡིན་པ་དང་། དེས་སྐེ་འགུལ་བའི་བྱ་ལས་རྣམས་བྱེད་པའི་ཕྱིར་དེ་ལྟར་དུ་གྲགས་སོ། །ཞེས་དང་། མན་ངག་ཡོན་ཏན་རྒྱུད་ལས། གྲེ་བའི་གཡས་གཡོན་རྒྱང་ཤ་ལས་བྱེད་གཉིས།
- language:
- Tibetan