Skip to main content Skip to search
rgyan spros yul ljongs ri mo
ID:
T228057
  • རྒྱན་སྤྲོས་ཡུལ་ལྗོངས་རི་མོ (Tibetan, Tibetan script, Original)
    • > rgyan spros yul ljongs ri mo (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gyen trö yul jong rimo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཡུལ་ལྗོངས་རི་མོ་མཚོན་པའི་རི་མོའི་རིགས་ཤིག་ཡིན་པ་སྟེ། ཡུལ་ལྗོངས་དེ་ཇི་མ་ཇི་བཞིན་མ་བྲིས་པར་རབས་བཏགས་ཀྱི་ཐབས་སྤྱད་ནས་རང་བྱུང་ཁམས་ཀྱི་ཡུལ་ལྗོངས་དང་དངོས་པོར་སྙིང་བསྡུས་ཀྱི་ལས་སྣོན་བྱས་ཏེ། སྲོལ་ལུགས་ཅན་དང་ཕུགས་བསམ་ཅན་དུ་འགྱུར་བ་བྱེད་ཀྱི་ཡོད། རི་མོ་བས་སྒྱུ་རྩལ་གྱི་བསམ་གཞིགས་བྱེད་ཐབས་ལ་བརྟེན་ནས། རང་གི་བསམ་པའི་བརྩེ་དུང་འཇུག་པ་དང་བློ་ཁོག་ཆེན་པོས་སྣོན་འཕྲི་བྱེད་པ། བསྔོགས་འདོན་གཏིང་ཟབ་བྱེད་པ་བཅས་ལ་བརྟེན་ནས་ཡིད་དུ་འོང་བའི་རྒྱན་སྤྲོས་ཡུལ་ལྗོངས་རི་མོ་གསར་རྩོམ་བྱེད་ཀྱི་ཡོད།

language:
Tibetan