- rgyab mtha'i rgyan 'byar
- ID:
- T228080
- རྒྱབ་མཐའི་རྒྱན་འབྱར (Tibetan, Tibetan script, Original)
- > rgyab mtha'i rgyan 'byar (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyab té gyen jar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྒྱ་སྲོལ་རི་མོའི་རི་མོ་དང་ཡིག་གཟུགས་ལ་སྲུང་སྐྱོབ་དང་། མཛེས་བཟོ་བྱེད་པར་སྤྱོད་པའི་ལག་རྩལ་གྱི་གྲས་ཤིག་ཡིན། དེའི་ཐབས་ཤེས་ནི་དང་ཐོག་ཤོག་བུ་སོགས་ཀྱིས་བརྩམ་བྱའི་རྒྱབ་ཏུ་སྐྱོ་འབྱར་བརྒྱབ་ཐོག དེ་རྗེས་གྲུའུ་ཅི་སྲབ་པོའམ་དར་སི་སོགས་ཀྱིས་མཐའ་རྒྱན་བརྒྱབ་སྟེ་ཐང་རྒྱུག་འཇུག་པ་དང་ཐང་ཏོག་བརྒྱན་པ་བཅས་བྱེད་སྲོལ་ཡོད་ལ། ཡང་ན་པང་ལེབ་ཀྱི་ངོས་སུ་འབྱར་སྲོལ་ཡང་ཡོད། བརྩམ་བྱར་རྒྱབ་མཐའི་རྒྱན་འབྱར་བྱས་པའི་རིགས་ལ་འགྲིལ་བ་དང་། ཤོག་ལྷེབ་དེབ་ཀྱི་དབྱིབས་ཅན་སོགས་ཡོད། རྒྱབ་མཐའི་རྒྱན་འབྱར་བྱས་ནས་གྲུབ་པའི་རི་མོ་དང་ཡིག་གཟུགས། རྡོ་རིང་ངོས་ཀྱི་ཡིག་གཟུགས་བསྡུས་མ་ནི་མཛེས་ཆ་དོད་ལ་སྲོག་མཁྲེགས་པ། བསྡུ་ཉར་དང་འགྲེམས་སྟོན་གང་བྱས་ཀྱང་སྟབས་བདེ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད།
- language:
- Tibetan