Skip to main content Skip to search
rgyal pa yang dgon pa
ID:
T228152
  • རྒྱལ་པ་ཡང་དགོན་པ (Tibetan, Tibetan script, Original)
    • > rgyal pa yang dgon pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gyalpa yang gönpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྗེ་འདི་ཉིད་ལ་སྟོད་ལྷོའི་དགོན་པ་ལྷ་གདོང་དུ་ཡབ་ཇོ་བསམ་དང་ཡུམ་རྣལ་འབྱོར་མ་ཆོས་མཐོང་ཞེས་བྱ་བ་གཉིས་ཀྱི་སྲས་སུ་རབ་བྱུང་བཞི་པའི་ཆུ་བྱ (༡༢༡༣) ལོར་སྐུ་བལྟམས། ཡབ་ཀྱིས་མཚན་གདུང་སོ་བ་འབར་ཞེས་གསོལ་། དགུང་ལོ་ལྔ་ལ་ཕེབས་སྐབས་ཡི་གེ་འབྲི་ཀློགས་ལེགས་པར་མཁྱེན། དགུང་ལོ་དགུ་པ་ལ་ལྷ་གདོང་གི་གདན་ས་མཛད། བུ་ཆུང་གི་དུས་ནས་མངོན་བར་ཤེས་པ་མངའ། དེ་ནས་བླ་མ་ཀོ་བྲག་པ། རྒོད་ཚང་བ། ས་སྐྱ་པཎ་ཆེན། རྗེ་སྤྱན་སྔ། སངས་རྒྱས་རས་ཆེན་སོགས་ལས་ཆོས་མང་དུ་གསན། ཕྱིས་ཤྲཱི་རི་གནས་སྡིངས་ཀྱི་དགོན་པ་བཏབ། དེར་ལོ་གཅིག་བར་རྗེ་སྐྱིལ་ཀྲུང་དུ་བཞུགས། མཐར་དགུང་ལོ་ཞེ་དྲུག་ལ་ཕེབས་པ་རབ་བྱུང་བཞི་པའི་ས་རྟ (༡༢༥༨) ལོར་གཤེགས།

language:
Tibetan