- rgyal po d+harma pA la
- ID:
- T228159
- རྒྱལ་པོ་དྷརྨ་པཱ་ལ (Tibetan, Tibetan script, Original)
- > rgyal po d+harma pA la (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyalpo dharma pa la (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྒྱ་གར་ཆོས་འབྱུང་ནང་རྒྱལ་པོ་འདི་དང་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དུས་མཉམ་པར་གསུངས་པ་ཡིག་ནོར་ཡིན་འདྲ་སྟེ་དེབ་དམར་དང་མཁས་པའི་དགའ་སྟོན་གཉིས་ཀར་རྒྱལ་པོ་འདི་དང་བོད་ཀྱི་རྒྱལ་པོ་སད་ན་ལེགས་མཇིང་ཡོན་གཉིས་དུས་མཉམ་པ་ཡར་ལུང་བང་སོའི་རྡོ་རིང་ལ་ཡོད་ཅེས་གྲུབ་ཆེན་ཨུ་རྒྱན་པས་གསུངས་ཞེས་གསལ་ཞིང་། རྒྱལ་པོ་འདིའི་ཡབ་གཽ་པཱ་ལ་ཡིན་པར་མཁས་དགའ་དང་། དགེ་ཆོས་དང་། དེབ་སྔོན་གསར་མ་བཅས་མཐུན་ནོ། །
- language:
- Tibetan