Skip to main content Skip to search
rgyal po ru pa ti
ID:
T228165
  • རྒྱལ་པོ་རུ་པ་ཏི (Tibetan, Tibetan script, Original)
    • > rgyal po ru pa ti (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gyalpo rupa ti (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྔར་རྒྱ་གར་གྱི་རྒྱལ་རིགས་སྐྱ་སེང་བུ་ལྔ་དང་། དགྲ་ངན་དཔུང་ཚོགས་བཅུ་གཉིས་ཞེས་འཐབ་བའི་དུས་སུ་རྒྱུལ་པོ་རུ་པ་ཏི (དགྲ་ངན་དཔུང་ཚོགས་ཀྱི་གྲས་ཤིག) འཁོར་དམག་སྟོང་ཕྲག་དང་པ་བུད་མེད་ཀྱི་ཆས་སུ་ཞུགས་ཏེ་རི་གངས་ཧ་ཁྲོད་དུ་བྲོས་ཞེས་པ་དེ་དང་། བཤད་སྲོལ་གཅིག་ལ་རྒྱལ་པོ་སྐྱ་སེང་དང་། རྒྱལ་པོ་དམག་བརྒྱ་པ་གཉིས་རྒྱལ་སྲིད་རྩོད་པ་ན་སྐྱ་སེང་གི་བུ་སྲིད་སྒྲུབ་ཀྱིས་དམག་བརྒྱ་པའི་ཕ་དང་བུ་དགུ་བཅུ་གོ་དགུ་བསད་ཅིང་། ཐ་ཆུང་རུ་པ་ཏི་མཚན་བཟང་དང་ལྡན་པ་དེ་བཙོན་དུ་ཁྲིད་ནས་འོངས། གསོད་པར་ཕངས་ནས་ཟངས་ཤིག་གི་ནང་དུ་ཟས་སྐོང་དང་བཅས་ཏེ་ཆུར་བསྐྱུར་བས་ཞིང་པ་ཞིག་གིས་རྙེད་ནས་གསོས། ཕྱིས་བོད་དུ་བྱོན་ནས་རྗེ་བོ་མཛད་ཅེས་འདུག་པ་གང་ཞིག་བདེན་བརྟག་དགོས་སོ། །

language:
Tibetan