- rgyal po in tra b+hu ti
- ID:
- T228171
- རྒྱལ་པོ་ཨིན་ཏྲ་བྷུ་ཏི (Tibetan, Tibetan script, Original)
- > rgyal po in tra b+hu ti (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyalpo in tra bhu(?) ti (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཨོ་རྒྱན་གྱི་ཡུལ་ (དེང་སང་གི་ཨ་ཧྥུ་ཧན) དུ་རྒྱལ་པོ་ཨིནྡྲ་བྷུ་ཏི་སྔ་རྗེས་གཉིས་བྱུང་བའི་རྗེས་མ་དེ་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ཡུན་རིང་མ་སོང་བའི་དུས་སུ་བྱུང་བ་ཡིན་ཟེར། སྐབས་དེར་ཨོ་རྒྱན་གྱི་ཡུལ་དུ་གྲོང་ཁྱེར་འབུམ་ཚོ་ལྔ་དང་། རྒྱལ་པོ་གཉིས་ཡོད་པ་གྲོང་ཁྱེར་སམ་བྷ་ལའི་གྲོང་འབུམ་ཚོ་གཉིས་དང་ཕྱེད་ཡོད་པ་རྒྱལ་པོ་ཨིནྡྲ་བྷུ་ཏི་ལ་དབང་ཞིང་། གྲོང་ཁྱེར་མངྒ་ལ་པུ་ར་ན་གྲོང་འབུམ་ཚོ་གཉིས་དང་ཕྱེད་ཡོད་པ་རྒྱལ་པོ་ཛ་ལེནྡྲ་ལ་དབང་། རྒྱལ་པོ་ཨིནྡྲ་བྷུ་ཏི་སངས་རྒྱས་ཆོས་ལུགས་ལ་དགའ་ཞིང་བུ་མོ་གཅིག་ཡོད་པ་མིང་ལ་ལེགས་སྨིན་ཀ་ར་ཟེར། རྒྱལ་པོ་ཛ་ལེནྡྲ་མུ་སྟེགས་པའི་ཆོས་ལུགས་ལ་དགའ་ཞིང་། དེ་ལ་བུ་གཅིག་ཡོད་པ་ཕ་མས་ཆུང་དུས་ནས་གཉེན་སྒྲིག་བྱད་དུ་བཅུག་རྗེས་སུ་བུ་མོ་རང་ཉིད་ཁྱོ་བོའི་སར་མནའ་མར་འགྲོ་སྐབས་ཁྱོ་བོ་རྒྱལ་པོའི་སྲས་དེས་བག་མའི་སྟོན་མོ་བྱ་བའི་ཆེད་དུ་རི་དྭགས་ཧ་ཅང་མང་པོ་བསད་པ་མཐོང་ནས་སེམས་ལ་སྐྱོ་བ་སྐྱེས་ཏེ། རང་གི་རྒྱུ་ནོར་དང་གསེར་དངུལ་རྒྱན་གོས་སོགས་རང་ཉིད་བསུ་སྐྱེལ་བྱེད་མཁན་གྱི་འཁོར་གཡོག་རྣམས་ལ་བགོས་ནས་ང་རྒྱལ་སྲས་སྡིག་ཅན་དེའི་མནའ་མར་མི་འགྲོ་ཟེར་ནས་སྨྱོ་བརྫུ་བཏབ། རྗེས་སུ་བུ་མོས་ཉིན་མོ་སྨྱོ་བརྫུ་བཏབ། མཚན་མོ་ཆོས་བྱས་ཏེ་གྲུབ་པ་ཐོབ་ནས། ཐེམས་གཅིག་རྒྱལ་པོ་ཛ་ལེནྡྲ་རི་དྭགས་རྔོན་པར་ཕྱིན་པའི་དུས་སུ་ལམ་ནོར་ཏེ་བུ་མོ་ཡོད་སའི་བྲག་ཕུག་ཏུ་སླེབས་ནས་བལྟ་སྐབས་གྲུབ་པ་ཐོབ་པར་ཤེས་ནས་ཆོས་ཉན། རང་ཉིད་ཀྱི་རྒྱལ་སྲིད་བུ་ལ་གཏད་ནས་བུ་མོའི་དྲུང་དུ་ཆོས་བྱས། བུ་མོའི་ཕ་མ་ལ་ཡང་དེའི་གནས་ཚུལ་ཡི་གེ་བཏང་བས་བུ་མོའི་ཕ་རྒྱལ་པོ་ཨིནྡྲ་བྷུ་ཏི་ཡང་རྒྱལ་སྲིད་བུ་ལ་གཏད་ནས་ཆོས་བྱས་ཏེ་ལོ་བཅུ་གཉིས་སོང་བ་ན་གྲུབ་པ་ཐོབ། དེ་ནས་རྒྱལ་པོ་ཛ་ལེནྡྲ་ཡང་ཡུན་རིང་མ་སོང་བར་གྲུབ་པ་ཐོབ་ནས་རང་ཉིད་ཀྱི་མངའ་འབངས་ཐམས་ཅད་སངས་ཆོས་ལུགས་ལ་བསྒྱུར་ནས་རང་ཡུལ་དུ་གཙུག་ལག་ཁང་བདུན་བརྒྱ་ཙམ་བཞེངས་ཞེས་བཤད་སྲོལ་ཡོད།
- language:
- Tibetan