- rgyal ba mkhas grub rgya mtsho
- ID:
- T228201
- རྒྱལ་བ་མཁས་གྲུབ་རྒྱ་མཚོ (Tibetan, Tibetan script, Original)
- > rgyal ba mkhas grub rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyalwa khedrub gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
(ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པ) མཁས་གྲུབ་རྒྱ་མཚོ་མཆོག་ནི་ཁམས་ཀྱི་དར་རྩེ་མདོའི་ཁོངས་མི་ཉག་མགར་ཐར་དགོན་པའི་ཉེ་འདབས་སུ་མན་ཆོད་ཀུན་བརྩེགས་གཤིས་ཚང་ (ཕྱིས་སུ་ཕུན་ཚོགས་ཁང་གསར་ཞེས་ལྷ་སའི་ནང་ཡབ་བཞིས་ཕུན་ཁང་ཟེར་བ་དེ་ཡིན) དུ་ཡབ་ཚེ་དབང་དོན་གྲུབ་དང་ཡུམ་གཡུང་དྲུམ་བུ་ཁྲིད་བྱ་བ་གཉིས་ཀྱི་རིགས་སྲས་སུ་རབ་ཡུང་བཅུ་པའི་ས་ཁྱི (༡༨༣༨) ལོའི་བོད་ཟླ་དགུ་པའི་ཚེས་གཅིག་ཉིན་སྐུ་བལྟམས། ལྕགས་གླང (༡༨༤༡) ལོའི་བོད་ཟླ་གཉིས་པར་དབུས་ལྗོངས་སུ་གདན་ཞུས་ཐོག ཟླ་བ་ལྔ་པར་རྒྱལ་དབང་སྐུ་ཕྲེང་བཅུ་པ་ཆེན་པོའི་ཡང་སྲིད་དུ་ངོས་འཛིན་ཞུས། རབ་བྱུང་བཅུ་བཞི་པའི་ཤིང་ཡོས (༡༨༥༥) ལོའི་བོད་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་རྒྱལ་དབང་སྐུ་ངོ་མས་བོད་ཀྱི་ཆོས་སྲིད་གཉིས་ཀའི་ཐུགས་འགན་བཞེས་ཀྱང་ལོ་འདིའི་ཧོར་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔའི་ཐོ་རེངས་སྟག་གི་དུས་ཕོ་བྲང་པོ་ཏ་ལར་སྐུ་མྱ་ངན་ལས་འདས། སྐབས་དེར་དགུང་ལོ་བཅོ་བརྒྱད་ལ་ཕེབས་ཤིང་། སྐུ་གདུང་རིན་པོ་ཆེ་པོ་ཏ་ལའི་གསེར་གདུང་ཕན་བདེའི་འོས་འབར་དུ་བཞུགས།
- language:
- Tibetan
2. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་བཞི་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1838 ལོར་ཁམས་མི་ཉག་མགར་ཐར་དུ་ཡབ་ཚེ་བརྟན་དོན་གྲུབ་དང་། ཡུམ་གཡུང་དྲུང་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པར་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ 1855 ལོར་རྩེ་པོ་ཏ་ལར་སྐུ་གཤེགས། དགུང་ལོ་གསུམ་པར་བོད་སྡོད་ཨམ་བན་བཅས་ནས་གསེར་བུམ་དཀྲུགས་ནས་རྒྱུལ་བ་སྐུ་ཕྲེང་བཅུ་པ་མཁས་གྲུབ་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་[383]མཛད་ཅིང་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མས་གཙུག་ཕུད་བཞེས། དགུང་ལོ་བཞི་པར་རྩེ་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ། དགུང་ལོ་བཅུ་གཅིག་པར་པཎ་ཆེན་བསྟན་པའི་ཉི་མ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་བཞི་པར་སེ་འབྲས་དགེ་གསུམ་དུ་ཚོགས་ཆོས་འགྲིམས་ཏེ་ཆོས་འཆད་ཉན་གང་ལེགས་མཛད་པ་དང་། དགེ་འདུན་མང་ཚོགས་རྣམས་ལ་མང་འགྱེད་རྒྱ་ཆེན་བཏང་། དེ་ནས་མ་ཕམ་གཡུ་མཚོ་དང་། རྒྱལ་རྩེའི་ཆོས་འཁོར། བསམ་ཡས་བཅས་ལ་གཟིགས་ཞིབ་ཕེབས། དགུང་ལོ་བཅུ་བདུན་པར་གོང་མ་ཤིན་ཏྥན་གྱིས་བཀའ་རྒྱ་སྤེལ་ནས་བོད་ཀྱི་ཆོས་སྲིད་གཉིས་ཀའི་ལས་འགན་ཐུགས་རྗེས་བསྐྱང་དགོས་པའི་དུས་ལ་བབས་སོ། ཁོང་ནི་རྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ་ཡིན། །
- language:
- Tibetan