- rgyal ba thog rdugs pa grags pa brtson 'grus
- ID:
- T228207
- རྒྱལ་བ་ཐོག་རྡུགས་པ་གྲགས་པ་བརྩོན་འགྲུས (Tibetan, Tibetan script, Original)
- > rgyal ba thog rdugs pa grags pa brtson 'grus (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyalwa tok dukpa drakpa tsöndrü (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
(རྒྱལ་བ་རིན་པོ་ཆེ་གྲགས་པ་བརྩོན་འགྲུས) རྗེ་འདི་ཉིད་ཡབ་ཕག་གྲུའི་དཔོན་སངས་རྒྱས་སྐྱངས་དང་ཡུམ་ཡེ་ཤེས་མཚོ་རྒྱལ་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་ཆུ་ཕག (༡༢༠༣) ལོར་སྐུ་བལྟམས། དགུང་ལོ་བཅོ་ལྔ་ལ་ཕེབས་སྐབས་མཁན་པོ་སྟོན་པ་དང་། སློབ་དཔོན་ལན་པ་ལས་རབ་ཏུ་བྱུང་། མཚན་གྲགས་པ་བརྩོན་འགྲུས་སུ་གསོལ། དགུང་ལོ་སུམ་ཅུ་སོ་གསུམ་པ་རབ་བྱུང་བཞི་པའི་ཤིང་ལུག (༡༢༣༥) ལོ་ཕག་གྲུའི་གདན་སར་ཕེབས་ནས་སྐུ་མཆེད་ཉེ་གནས་རྡོ་རྗེ་དཔལ་ཀ་བཞིའི་དཔོན་བྱེད་བཞིན་ཡོད་པ་རྗེ་འདིས་ཚུར་བཀུག་གནང་སྟེ་ཁྲི་དཔོན་གྱི་ལས་ཀ་གནང་། གདན་ས་ཐེལ་དུ་བྱས་པས་ཕག་གྲུ་པ་དང་། རྒྱལ་ས་སྣེ་གདོང་དུ་བྱས་པས་སྣེ་གདོང་པ་ཞེས་གྲགས། རྒྱལ་བ་ཐོག་རྡུགས་པས་གདན་ས་ལོ་སུམ་ཅུ་སོ་གསུམ་བསྐྱངས། ལན་ཅིག་ཐོག་བབས་པ་སྐུ་ཆོས་ཀྱིས་གཏུམས་པས་གནོད་པ་མེད་པས་ཐོག་རྡུགས་པ་ཞེས་མཚན་བྱུང་། གྲུབ་ཐོབ་སྨོན་ལམ་འབར་སོགས་ཐུགས་སྲས་ཤིན་ཏུ་མང་པོ་བྱུང་། དགུང་ལོ་དྲུག་ཅུ་རེ་ལྔ་བཞུགས།
- language:
- Tibetan