- rgyal ba 'bum phrag gsum pa
- ID:
- T228211
- རྒྱལ་བ་འབུམ་ཕྲག་གསུམ་པ (Tibetan, Tibetan script, Original)
- > rgyal ba 'bum phrag gsum pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyalwa bumtrak sumpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྗེ་འདི་ཉིད་འཇམ་ལྷ་སྡིངས་ཞེས་གྲགས་པའི་འདབས་ཁང་དམར་གྲག་ཁང་དུ་རབ་བྱུང་བདུན་པའི་ཆུ་གླང (༡༤༣༣) ལོར་སྐུ་བལྟམས། དགུང་ལོ་བདུན་པར་གཞོན་ནུ་རྒྱལ་མཆོག་ལས་རབ་ཏུ་བྱུང་། དེ་ནས་པཎ་ཆེན་སངས་རྒྱས་སེང་གེ། བྱམས་སེམས་བློ་གྲོས་རིན་ཆེན། དོལ་ཕྲུག་ཆོས་བཟང་བཅས་ལས་གཞུང་ཆེན་པོ་ལ་གསན་པ་བཙལ། དཔལ་ལྡན་ས་སྐྱ་དགོན་དུ་བཀའ་བཅུའི་བཤད་པ་མཛད། འབྲས་ཡུལ་སྐྱེད་ཚལ་དུ་ཀུན་མཁྱེན་བྱམས་ཆེན་རབ་འབྱམས་པའི་ཞབས་པད་སྟེན། རྗེ་འདི་དང་། རྩེད་ཐང་སངས་ལྷུན། ཞ་ལུ་དཀའ་བཅུ་པ་གསུམ་ལ་གསུམ་འཛིན་པའི་བཀའ་གནང་ཕེབས། རྗེ་འདི་ནི་ས་སྐྱ་པ་ཡིན། དགུང་ལོ་ལྔ་བཅུ་ང་བདུན་པ་ས་བྱ (༡༤༨༩) ལོར་གཙང་སྟོད་བསོད་རྒྱལ་གྱིས་མཐུན་པའི་རྐྱེན་སྦྱར་ཏེ་དཔལ་མཉན་ཡོད་བྱ་རྒོད་གཤོངས་ཀྱི་ཆོས་གྲྭ་ཆེན་པོ་བཏབ། དེའི་ཕྱི་ལོ་འཕགས་མཆོག་ཀླུ་སྒྲུབ་རྒྱལ་ཚབ་ཏུ་དབང་བསྐུར། རྗེ་ཉིད་ལོ་བཅུ་གསུམ་རིང་གནས་ངེས་མེད་དུ་ཟབ་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར། མཐར་དགུང་གྲངས་དོན་གཉིས་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ཤིང་བྱི་ (༡༥༠༤) ལོར་དགོངས་པ་གཞན་དོན་དུ་གཤེགས།
- language:
- Tibetan