Skip to main content Skip to search
rgyal ba lung rtogs rgya mtsho
ID:
T228216
  • རྒྱལ་བ་ལུང་རྟོགས་རྒྱ་མཚོ (Tibetan, Tibetan script, Original)
    • > rgyal ba lung rtogs rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gyalwa lungtok gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

(ཏཱ་ལའི་བླ་མ་སྐུ་ཕྲེང་དགུ་པ) ཁམས་ལྡན་ཆོས་འཁོར་དགོན་གྱི་ཉེ་འགྲམ་ཆོས་འཁོར་དཔོན་ཚང (སྐུ་ཕྲེང་དགུ་པའི་ཡང་སྲིད་དང་ལྷན་དུ་ལྷ་སར་འབྱོར་རྗེས་གནས་ཐོབ་ཇེ་མཐོར་སོང་ཞིང་ཕྱིས་སུ་བོད་ཀྱི་སྐུ་དྲག་ཆེ་གྲས་ལྕང་ལོ་ཅན་ཞེས་པ་དེ་ཡིན) དུ་ཡབ་བསྟན་འཛིན་ཆོས་སྐྱོང་དང་། ཡུམ་དོན་གྲུབ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཤིང་གླང་ (༡༨༠༥) ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ངོ་མཚར་གྱི་ལྟས་བཟང་པོ་དང་བཅས་སྐུ་འཁྲུངས། དགུང་ལོ་གསུམ་པ་རབ་བྱུང་བཅུ་བཞི་པའི་མེ་ཡོས (༡༨༠༧) ལོར་རྒྱལ་བའི་ཡང་སྲིད་དུ་ངོས་འཛིན་ཞུས་ཏེ་ལོ་དེའི་བོད་ཟླ་དགུ་པར་ཡབ་ཚང་སྐུ་འཁོར་དང་བཅས་ལྷ་ལྡན་ཞིང་དུ་གདན་དྲངས། དགུང་གྲངས་བཅུ་གཅིག་ལ་ཕེབས་པ་རབ་བྱུང་བཅུ་བཞི་པའི་ཤིང་ཕག་ (༡༨༡༥) ལོའི་བོད་ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན་གློ་བུར་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ། སྐུ་གདུང་པོ་ཏ་ལའི་གསེར་གདུང་ས་གསུམ་མངོན་དགའ་རུ་བཞུགས།

language:
Tibetan

2. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ 1805 ལོར་ཁམས་འདན་ཁོག་ཏུ་ཡབ་བསྟན་འཛིན་ཆོས་རྗེ་དང་། ཡུམ་དོན་གྲུབ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ 1815 ལོར་རྩེ་པོ་ཏ་ལར་སྐུ་གཤེགས། དགུང་ལོ་གསུམ་པར་རྒྱལ་བ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད། ལོ་དེའི་ཟླ་བ་དགུ་བའི་ཚེལ་ཉེར་གཉིས་ཉིན་རྩེ་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ། པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་ལས་རབ་བྱུང་གི་སྡོམ་པ་བཞེས། དགུང་ལོ་བདུན་པར་རྒྱ་གར་གྱི་ཙུང་ཏུའུ་མིན་ཏོས་མངགས་པའི་མཱ་ཉཱི་ན་ལ་མཇལ་འཕྲད་གནང་ངོ་། ཁོང་ནི་རྒྱལ་བ་སྐུ་ཕྲེང་དགུ་བ་ཡིན། །

language:
Tibetan