- rgyal dbang chos rje blo bzang 'phrin las rnam rgyal
- ID:
- T228233
- རྒྱལ་དབང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལ (Tibetan, Tibetan script, Original)
- > rgyal dbang chos rje blo bzang 'phrin las rnam rgyal (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyalwang chöjé lo zang trinlé namgyal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྗེ་འདི་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་འགོ་ཙམ་ལ་འཁྲུངས། སྐུ་གཞོན་དུས་སེར་སྨད་གྲྭ་ཚང་དུ་ཆོས་ཞུགས་ནས་གཞུང་བཀའ་པོད་ལྔར་གསན་བཞེས་གནང་། རྗེ་འདིས་རྒྱལ་དབང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་དང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་སྐུ་ཕྲེང་གཉིས་ཀྱི་མཚན་ཞབས་ཀྱི་མཛད་འཁུར་བཞེས་སོ། །
- language:
- Tibetan
2. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་མགོ་ཙམ་མ་དུ་སྐུ་འཁྲུངས། ཁོང་དགུང་ལོ་གཞོན་ནུའི་དུས་ནས་སེ་ར་ཐེག་ཆེན་གླིང་དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བཞེས་མཛད། རྒྱལ་བ་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ (1816—1837) དང་། རྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་(1838—1855) སྐུ་ཕྲེང་གཉིས་ཀྱི་མཚན་ཞབས་ཀྱི་འགན་ཁུར་བཞེས། ཁོང་གི་རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། ཁོང་གི་མཚན་གཞན་ལ་འབྲུག་རྒྱལ་དབང་ཆོས་རྗེ་ཞེས་ཞུ། །ཁོང་གི་གསུང་རྩོམ་ནི《འཇམ་མགོན་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ངོ་མཚར་ནོར་བུའི་ཕྲེང་བ》 དང་། 《རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོའི་རྣམ་ཐར་ངོ་མཚར་ནོར་བུའི་[405]ཕྲེང་བ》། 《རྒྱལ་ཁ་མཁས་གྲུབ་རྒྱ་མཚོའི་རྣམ་ཐར་ངོ་མཚར་ལྷ་ཡི་རོལ་མོ་དབྱངས་ཅན་རྒྱུད་དུ་སྙན་པའི་ཏ་སྤུ་ར》། 《ཆོས་མངོན་པ་མཛོད་ཀྱི་དགོངས་དོན་གསལ་བར་བྱེད་པའི་ལེགས་བཤད་ཉིན་བྱེད་དབང་པོའི་སྣང་བ》། 《འཇམ་དབྱངས་རྣམ་འཕྲུལ་བ་སོ་སྐུ་ཕྲེང་གོང་མ་རྣམས་ཀྱི་སྐྱེས་རབས་རྣམ་ཐར་ངོ་མཚར་ནོར་བུའི་འཁྲི་ཤིང་》 བཅས་ཆོས་ཚན་བཅུ་དགུ་ལོངས་པའི་པོད་བཞི་བཞུགས་སོ། །
- language:
- Tibetan