Skip to main content Skip to search
rgyal rtse chos rgyal rab brtan pa
ID:
T228239
  • རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་པ (Tibetan, Tibetan script, Original)
    • > rgyal rtse chos rgyal rab brtan pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gyantsé chögyal rabten pa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རབ་བྱུང་བདུན་པའི་ས་སྦྲུལ (༡༣༨༩) ལོར་ས་སྐྱ་དཔོན་ཆེན་ཀུན་དགའ་དཔལ་གྱི་ཁྱིམ་དུ་འཁྲུངས། ན་ཚོད་དར་ལ་བབ་པའི་ཚེ་སྣེ་གདོང་གོང་མའི་གཟིམ་དཔོན་བྱས་ཏེ་ཡུན་རིང་མ་སོང་བར་རྒྱལ་རྩེ་རྫོང་གི་དཔོན་དུ་བསྐོས། དགུང་ལོ་ཉི་ཤུ་རྩ་ལྔ་པ་ཆུ་སྦྲུལ (༡༤༡༣) ལོར་ལྕང་ར་ཆོས་སྡེ་བཏབ་། དགུང་ལོ་སུམ་ཅུ་པ་ས་ཁྱི (༡༤༡༨) ལོར་ཏའི་སི་ཏུའི་འཇའ་ས་ཐོབ། ལོ་དེར་མཁས་གྲུབ་རྗེ་རྒྱལ་རྩེར་གདན་དྲངས་ཏེ་དཔལ་འཁོར་ཆོས་སྡེ་དགོན་བཏབ། སྐུ་ཚེ་སྨད་ཀྱི་མཛད་པ་མ་རྙེད།

language:
Tibetan