Skip to main content Skip to search
rgyal tshab dam pa kun dga' dbang phyug
ID:
T228244
  • རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག (Tibetan, Tibetan script, Original)
    • > rgyal tshab dam pa kun dga' dbang phyug (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gyaltsab dampa kün ga wangchuk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་བཞི་པ། རབ་བྱུང་བདུན་པའི་ཤིང་འབྲུག་སྤྱི་ལོ་༡༢༢༤ལོར་གཙང་ས་སྐྱར་སྐུ་བལྟམས། ངོར་ཆེན་དབོན་པོ་དང་གྲུབ་ཆེན་བིཪྭ་པའི་རྣམ་སྤྲུལ་དུ་གྲགས། དགུང་ལོ་ཉེར་བདུན་པ་རབ་བྱུང་བརྒྱད་པའི་ལྕགས་རྟ་སྤྱི་ལོ་༡༤༥༠ལོར་ངོར་ཆེན་རྡོ་རྗེ་འཆང་གི་མདུན་ནས་བསྙེན་པར་རྫོགས། ངོར་ཆེན་སྐུ་མ་གཤེགས་བར་འབྲལ་མེད་བསྟེན། ཆོས་ཐམས་ཅད་བུམ་པ་གང་བྱོལ་གྱི་ཚུལ་དུ་གསན། ངོར་ཆེན་གྱི་ཕྱག་ལེན་རྣམས་བྱིན་རླབས་ཀྱི་དྲོད་རྟགས་མ་ཡལ་བར་བཞུགས་པར་གྲགས། དགུང་ལོ་ཞེ་གཉིས་པ་རབ་བྱུང་བརྒྱད་པའི་ཤིང་བྱ་སྤྱི་ལོ་༡༤༦༥ལོར་མུས་ཆེན་དཀོན་མཆོག་རྒྱལ་མཚན་པས་ངོར་ཆེན་གྱི་བཀའ་ལྟར་ངོར་ཨེ་ཝཾ་པའི་གདན་སར་མངའ་རུ་གསོལ་ཏེ་གདན་ས་ལོ་གཉིས་ལ་མཛད། སྔ་ཕྱིར་ལམ་འབྲས་ཚར་བཅུ་བདུན་དང་། རྒྱུད་བཤད་ཚར་ཉེར་ལྔ་སོགས་བྱས་ཏེ་ཆོས་འཁོར་རྒྱ་ཆེར་བསྐོར། མཐར་མངའ་རིས་བྱམས་པ་གླིང་དུ་སྐུ་གཤེགས།

language:
Tibetan