Skip to main content Skip to search
rgyal zhing dgon
ID:
T228251
  • རྒྱལ་ཞིང་དགོན (Tibetan, Tibetan script, Original)
    • > rgyal zhing dgon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gyal shying gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

མིང་གཞན་རྒྱལ་ཞིང་འབྲུག་གྲགས་དགོན་ཟེར། དགོན་པ་འདི་རབ་བྱུང་བཅུ་པའི་ཆུ་བྱི་སྤྱི་ལོ་༡༦༡༢ལོར་བྱ་བཏང་ནམ་མཁའ་རྒྱལ་མཚན་གྱིས་བཏབས། དགོན་པ་ཆུ་ཐག་རིང་སྟབས་དགོན་ནང་དུ་ཆུ་ཝ་ཁྲིད་པས་ཡུལ་ལྷ་དང་ཕོག་ཐུག་སོང་བས་མི་རྒོད་དང་གཅན་གཟན་གྱིས་གནོད་པས་དགོན་པ་ཉམས་རྒུད་སོང་། རབ་བྱུང་བཅུ་བཞི་པའི་ས་སྟག་སྤྱི་ལོ་༡༨༡༨ལོར་ཁྱུང་འཁོར་སྨོན་ལམ་ཚུལ་ཁྲིམས་ཀྱིས་རྒྱལ་ཞིང་གཤིས་ལ་དགོན་པ་སྤོས་ནས་ལྷ་ཁང་གསར་བཞེངས་གནང་། ལྷ་ཁང་གི་རྨང་ཐིག་རྒྱེབ་སྐབས་འབྲུག་གྲགས། དགུན་དུས་སུ་གྲགས་པ་ལྟས་བཟང་དུ་བརྩིས་ཏེ་འབྲུག་གྲགས་དགོན་དུ་མཚན་གསོལ་ཞེས་ཟེར། དགོན་པ་འགྱུར་བ་ཐེངས་གསུམ་གྱི་རིང་ལ་གྲུབ་མཐའ་བོན་པོར་འགྱུར་བ་བྱུང་མེད། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་རོང་རྫོང་ཁོངས་སུ་ཡོད།

language:
Tibetan