- rgyal rabs dpag bsam ljon shing
- ID:
- T228253
- རྒྱལ་རབས་དཔག་བསམ་ལྗོན་ཤིང (Tibetan, Tibetan script, Original)
- > rgyal rabs dpag bsam ljon shing (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyalrab paksam jönshing (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བྱང་ཇི་སྟོན་པ་ཤེས་རབ་འབུམ་གྱི་བརྩམས་པའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཞིག་གི་མིང༌། དཔེ་ཆ་འདི་ད་ཕན་འབད་རྩོལ་ཆེན་པོ་བྱས་ཀྱང་མ་རྙེདཅིང༌། <<རྒྱལ་རབས་གསལ་བའི་མེ་ལོང་>>སྡེ་གེ་དཔར་མའི་ཤོག་གྲངས་༢༨པར་གསལ་བར། རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོའི་ཡབ་གནམ་རི་སྲོང་བཙན་ཡན་ཆད་ཀྱི་ལོ་རྒྱུས་རྒྱས་པར་བཤད་ཡོད་ཀྱང་ཆོས་དང་འབྲེལ་བའི་ལོ་རྒྱུས་མེད་སྟབས་འདིར་མ་བྲིས་པ་དང༌། བལྟ་འདོད་ཡོད་ན་དེ་དག་ཏུ་ལྟོས་ཞེས་གསལ་བ་ལྟར་ན། གོང་གསལ་གྱི་རྒྱལ་རབས་དཔེ་དེབ་དེར་དཔྱད་གཞི་མང་པོ་ཡོད་ཚོད་འདུག་
- language:
- Tibetan
2. Thupten Phuntsok Dictionary
བྱང་ཇི་སྟོན་པ་ཤེས་རབ་འབུམ་གྱིས་བརྩམས་པའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཞིག་གི་མིང་། དཔེ་ཆ་འདི་ད་ཕན་འབད་རྩོལ་ཆེན་པོ་བྱས་ཀྱང་མ་རྙེད།
- language:
- Tibetan