Skip to main content Skip to search
rgyal sras spom brag pa
ID:
T228263
  • རྒྱལ་སྲས་སྤོམ་བྲག་པ (Tibetan, Tibetan script, Original)
    • > rgyal sras spom brag pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gyalsé pom drakpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བཀའ་རྒྱུད་གསེར་ཕྲེང་གི་བླ་བརྒྱུད་དེ་ཀརྨ་པཀྵྀའི་བླ་མ་ཡིན། རབ་བྱུང་གསུམ་པའི་ལྕགས་སྟག་སྤྱི་ལོ༡༡༧༠ལོར་སྐུ་འཁྲུངས། དགུང་ལོ་ལྔ་ནས་འབྲི་ཀློག་མཁས་པར་མཁྱེན། དགུང་ལོ་དགུ་པ་གཉན་ལྷ་ཁང་སྒང་པ་ལས་རྒྱུད་གསན། དགུང་ལོ་བཅུ་བཞི་པའི་ཚེ་འགྲོ་མགོན་གྱི་སྙན་པར་གསན། དགུང་ལོ་རེ་ལྔ་པའི་ཤིང་རྟ་སྤྱི་ལོ༡༢༣༤ལོར་ཀརྨ་པཀྵྀ་དང་ལྷན་དུ་སྨར་ཁམས་སུ་ཕེབས་པའི་ཚེ་སྐུ་ཁམས་མི་བདེ་བ་བྱུང་ཞིང་། ཀརྨ་པཀྵྀ་ལ་ད་ནི་ཁོ་བོ་འགྲོ་བ་འདུག རྗེ་འགྲོ་མགོན་རས་ཆེན་གྱིས་སྨར་ཁམས་སུ་མ་འགྲོ་ཡང་ཡང་གསུང་བ་ལ་གློ་བུར་དུ་འོང་དགོས་བྱུང་བས་བླ་མའི་གསུང་བཅག་པས་ལན་པར་འདུག ཅེས་སོགས་གསུང་མགུར་མང་པོར་གསུང་། དགུང་ལོ་བརྒྱད་ཅུ་པ་རབ་བྱུང་བཞི་པའི་ས་བྱ་སྤྱི་ལོ༡༢༤༩ལོར་སྐུ་གཤེགས།

language:
Tibetan

2. gangs can mkhas grub rim byon ming mdzod

ཁོང་ནི་སྤོམ་བྲག་པ་བསོད་ནམས་རྡོ་རྗེ་དང་མི་གཅིག་ཡིན་པས་དེར་གཟིགས་པར་ཞུའོ། །

language:
Tibetan