Skip to main content Skip to search
rgyal srung dgon
ID:
T228267
  • རྒྱལ་སྲུང་དགོན (Tibetan, Tibetan script, Original)
    • > rgyal srung dgon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gyal sung gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(护国寺)པེ་ཅིན་གྲོང་ཁྱེར་ནང་གི་ནང་བསྟན་དགོན་པ་ཆེ་གྲས་ཤིག་སྟེ་དེ་ཡང་ལྷོ་བྱང་གཉིས་ལས་བྱང་མ་ནི་ཐོག་མ་ཡིན་རྒྱལ་རབས་ཀྲི་ཡོན་ཁྲི་ལོ་ཉེར་གཅིག་པ་(༡༢༨༤)ལོར་སྐྲུན་འགོ་བརྩམས་ཏེ་ཏ་རུའུ་ཕྲུང་གོའི་དགོན་ཞེས་འབོད་ཅིང་མིང་གོང་མ་ཤོན་རྡེ་ཁྲི་ལོ་བཞི་པར་(༡༤༢༩)ཏྰ་ལུང་ཧྲན་དགོན་དང་ཁྲེན་ཧྭ་ཁྲི་ལོ་བརྒྱད་པར་(༡༤༧༢)ཏྰ་ལུང་ཧྲན་རྒྱལ་སྲུང་དགོན་ཞེས་བཏགས། དགོན་ནང་རྡོ་རིང་ཐོག་རྒྱ་ཡིག་ཐོག་ལས་ཏྰ་ལུང་ཧྲན་ཧུའུ་གོ་ཧྲེ་ཞེས་འཁོད་ཡོད་པས་པེ་ཅིན་བ་རྣམས་ཀྱི་ཁ་རྒྱུན་ལ་རྒྱལ་སྲུང་དགོན་རང་དུ་འབོད། དགོན་ནང་མན་ཇུ་ཤུན་ཙི་ལོའི་སྐབས་བཞེངས་པའི་བོད་ཡིག་རྡོ་རིང་ཐོག་དགོན་པ་འདིའི་རྟེན་གྱི་གཙོ་བོ་དུས་གསུམ་སངས་རྒྱས་དང་རྗེས་སུ་ཆོས་རྒྱལ་འཕགས་པའི་སྐུ་ཡིན་ཞེས་དང་། ཡང་དགོན་པ་དེའི་ཁང་རིམ་བཅུ་པའི་རྒྱབ་ངོས་སྟེང་ཐོག་ཁང་མིག་གསུམ་གྱི་འོག་རིམ་རབ་གསལ་ནང་བླ་མའི་མཆོད་རྟེན་གཅིག་ཡོད་པར་རྡོ་ཐལ་དཀར་པོ་གསོལ། སྤྱིར་འཕགས་པ་བླ་མའི་མཆོད་རྟེན་དུ་གྲགས་ཞེས་སོགས་འཁོད་ཡོད་ཅིང་། འཕགས་པ་བླ་མ་ནི་འགྲོ་མགོན་ཆོས་འཕགས་ཀྱི་མཚན་གཞན་ཞིིག་ཡིན་པར་ངེས། བོད་རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ་(༡༩༣༢)ལོར་མཆོད་རྟེན་འདི་ཆ་ཤས་ལོག་སྐྱོན་བྱུང་སྐབས་ཚ་ཚའི་མཆོད་རྟེན་ཆུང་ངུ་གང་སར་རྙེད་རྒྱུ་ཡོད་པས་དེ་བོད་ལུགས་ཀྱི་མཆོད་རྟེན་ཆུང་གྲས་ཤིག་ཡིན་པ་གོར་མ་ཆག

language:
Tibetan

2. Thupten Phuntsok Dictionary

པེ་ཅིན་གྲོང་ཁྱེར་ནང་གི་ནང་བསྟན་དགོན་པ་ཆེ་གྲས་ཤིག་སྟེ་དེ་ཡང་ལྷོ་བྱང་གཉིས་ལས་བྱང་མ་ནི་ཐོག་མ་ཡོན་རྒྱལ་རབས་ཀྲི་ཡོན་ཁྲི་ལོ་ཉེར་གཅིག་པ (༡༢༨༤) ལོར་སྐྲུན་འགོ་བརྩམས་ཏེ་ཏ་རུའུ་ཕྲུང་གོའི་དགོན་ཞེས་འབོད་ཅིང་མིང་གོང་མ་ཤོན་རྡེ་ཁྲི་ལོ་བཞི་པར (༡༤༢༩) ཏཱ་ལུང་ཧྲན་དགོན་ཞེས་དང་ཁྲེན་ཧྭ་ཁྲི་ལོ་བརྒྱད་པར (༡༤༧༢) ཏཱ་ལུང་ཧྲན་རྒྱལ་སྲུང་དགོན་ཞེས་བཏགས་སོ། །

language:
Tibetan