- rgyas 'bring rnam gsum
- ID:
- T228274
- རྒྱས་འབྲིང་རྣམ་གསུམ (Tibetan, Tibetan script, Original)
- > rgyas 'bring rnam gsum (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyé dring nam sum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
<<ཡུམ་རྒྱས་འབྲིང་བསྡུས་གསུམ་>>དེ་སྔོན་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ལོ་ཙྰ་བ་རླངས་ཁམས་པ་གོ་ཆ། བེེ་རོ་ཙ་ན། ལྕི་ཁྱི་འབྲུག་དང་ཞང་ཡེ་ཤེས་སྡེ་ལ་སོགས་པས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བའི་<<ཡུམ་རྒྱས་པ>>བཀའ་འགྱུར་སྣར་ཐང་དཔར་མའི་ནང་པོད་「ཀ」ནས་「ན」བར་པོད་བཅུ་གཉིས་དང་། <<ཡུམ་འབྲིང་པོ>>ལ་ནང་གསེས་རྒྱས་འབྲིང་བསྡུས་གསུམ་ཡོད་པའི་འབྲིང་པོའི་རྒྱས་པ་<<ཉི་ཁྲི>>འགྱུར་བྱང་མ་འཁོད་པ་བཀའ་འགྱུར་སྣར་ཐང་དཔར་མའི་ནང་པོད་「ཀ」「ཁ」「ག」གསུམ་ཡོད། འབྲིང་པོའི་འབྲིང་པོ་<<ཁྲི་བརྒྱད་སྟོང་པ>>ལོ་ཙྭ་བ་བནྡེ་ཡེ་ཤེས་སྡེ་སོགས་ཀྱིས་བསྒྱུར་བ་བཀའ་འགྱུར་སྣར་ཐང་དཔར་མའི་པོད་「ཀ」「ཁ」「ག」གསུམ་ཡོད། འབྲིང་པོའི་བསྡུས་པ་<<ཤེས་རབ་ཁྲི་པ་>>ལོ་ཙྭ་བ་ཞང་ཡེ་ཤེས་སྡེ་སོགས་བསྒྱུར་བ་བཀའ་གྱུར་སྣར་ཐང་དཔར་མའི་ནང་པོད་གཅིག་ཡོད། ཡུམ་བསྡུས་པ། <<བརྒྱད་སྟོང་པ་>>འགྱུར་མི་འདྲ་བ་དང་ཞུས་དག་ཐེངས་མང་སོང་བཀའ་འགྱུར་སྣར་ཐང་དཔར་མའི་ནང་པོད་གཅིག་ཡོད། གོང་གསལ་ཡུམ་རྒྱས་པ་ལ་པོད་བཅུ་གཉིས། འབྲིང་པོ་ལ་པོད་བདུན། བསྡུས་པ་ལ་པོད་གཅིག་བཅས་པོད་ཉི་ཤུ་ཐམ་པ་ཡོངས་རྗོགས་ཀྱི་སྤྱི་མིང་ལ་<<ཡུམ་རྒྱས་འབྲིང་བསྡུས་གསུམ་>>ཟེར། ཞིབ་པར་བཀའ་འགྱུར་སོ་སོའི་དཀར་ཆག་ཏུ་གཟིགས།
- language:
- Tibetan
3. Lokesh Chandra Tibetan-Sanskrit dictionary
- Sanskrit:
- prajā+āpāramitātraya