Skip to main content Skip to search
rgyu skar nyi shu rtsa brgyad kyi mtshan nyid
ID:
T228294
  • རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་མཚན་ཉིད (Tibetan, Tibetan script, Original)
    • > rgyu skar nyi shu rtsa brgyad kyi mtshan nyid (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gyukar nyishu tsa gyé kyi tsennyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཤར་དུ། ༡སྨིན་དྲུག་དྲུག་སྟེ་ཤིང་རྟའི་དབྱིབས། ༢སྣར་མ་ལྔ་སྟེ་ཤིང་རྟའི་འཕང་བ་འདྲ། ༣མགོ་ལ་གསུམ་སྟེ་རི་དྭགས་མགོ་བོ་འདྲ། ༤ལག་ལ་གཅིག་སྟེ་ཐིག་ལེ་ལྟ་བུ། ༥ནབས་སོ་གཉིས་སྟེ་རྐང་པ་འདྲ། ༦རྒྱལ་བ་གསུམ་སྟེ་རིལ་བའི་དབྱིབས། ༧སྐག་ནི་གཅིག་ཡིན་ཐིག་ལི་འདྲ་(འདི་ལ་དྲུག་ཡིན་པའང་ཟེར)ལྷོར། ༨མཆུ་ལ་ལྔ་ཡོད་པའི་ཆུ་བོའི་མགུར། ༩གྲེ་ནི་གཉིས་ཡིན་རྐང་པ་འདྲ། ༡༠དབོ་ལ་གྲངས་གཉིས་ཁྲིའི་དབྱིབས་ ༡༡མི་གཞིའི་གྲངས་ལྔ་ལག་པ་འདྲ་་་༡༢ནག་པ་གཅིག་ཉིད་ཡིན་པས་སྙིང་འདྲ་ ༡༣ས་རི་གཅིག་ཡིན་ཐེག་ལེ་འདྲ་༡༤ག་བཞི་སྟེ་རྭའི་རྟེན་མགོ་འདྲ། ནུབ་ཏུ། ༡༥ལྷ་མཚམས་བཞི་སྟེ་གླང་ཆེན་མགོ་དང་རྣ་བ་གཉིས། ༡༦ན་ནི་གྲངས་གསུམ་ཐེམ་སྐས་འདྲ། ༡༧བས་ནི་གྲངས་དགུ་སྡིགས་པའི་གཟུགས། ༡༨ཆུ་སྟོད་བཞི་སྟེ་བ་མཇུག་སྒྲེང་བ་འདྲ། ༡༩ཆུ་སྟོད་བཞི་སྟེ་གླང་ཆེན་འཕྱོང་བ་འདྲ། ༢༠གྲོ་བཞིན་གསུམ་སྟེ་རྔའི་དབྱིབས། ༢༡བྱི་བཞིན་གསུམ་སྟེ་བ་ལང་མགོ་བོ་འདྲ། བྱང་དུ། ༢༢མོན་གྲེ་ལ་བཞི་བྱ་ཡི་དབྱིངས། ༢༣མོན་གྲུ་གཅིག་ཡིན་ཐིག་ལི་འདྲ། (བཞི་ཡོད་ཀྱང་ཟེར། )༢༤ཁྲུམས་སྟོད་གཉིས་ཡིན་རྟ་པ་འདྲ། ༢༥ཁྲུམས་སྨད་གཉིས་ཡིན་རྐང་པའི་དབྱིབས། ༢༦ནམ་གྲུ་སོ་གཉིས་སྐར་མའི་ཚོགས་། ༢༧ཐ་སྐར་གསུམ་སྟེ་བྱ་མཆུ་འདྲ། ༢༨བྲ་ཉེ་གསུམ་ནི་མོ་རྟགས་འདྲ། རྒྱུ་འགྲུལ།ཕར་འགྲོ་ཚུར་འོང་།

language:
Tibetan

2. Thupten Phuntsok Dictionary

ཤར་དུ། ༡ སྨིན་དྲུག་དྲུག་སྟེ་ཤིང་རྟའི་དབྱིབས། ༢ སྣར་མ་ལྔ་སྟེ་ཤིང་རྟའི་འཕང་ལོ་འདྲ། ༣ མགོ་ལ་གསུམ་སྟེ་རི་དྭགས་མགོ་བོ་འདྲ། ༤ ལག་ལ་གཅིག་སྟེ་ཐིག་ལེ་བུ། ༥ ནབས་སོ་གཉིས་ཏེ་རྐང་པ་འདྲ། ༦ རྒྱལ་ལ་གསུམ་སྟེ་རིལ་བའི་དབྱིབས། ༧ སྐག་ནི་གཅིག་ཡིན་ཐིག་ལེ་འདྲ། (འདི་ལ་དྲུག་ཡིན་པའང་ཟེར) ལྷོར། ༨ མཆུ་ལ་ལྔ་ཡོད་ཆུ་བོའི་མགུར། ༩ གྲེ་ནི་གཉིས་ཡིན་རྐང་པ་འདྲ། ༡༠ དབོ་ལ་གྲངས་གཉིས་ཁྲིའི་དབྱིབས། ༡༡ མེ་བཞིའི་གྲངས་ལྔ་ལག་པ་འདྲ། ༡༢ ནག་པ་གཅིག་ཉིད་འདྲ་བ། ༡༣ ས་རི་གཅིག་ཡིན་ཐིག་ལེ་འདྲ། ༡༤ ས་ག་བཞི་སྟེ་རྭའི་རྟེན་གྱི་མགོ་འདྲ། ནུབ་ཏུ། ༡༥ ལྷ་མཚམས་བཞི་སྟེ་གླང་ཆེན་མགོ་དང་རྣ་བ་གཉིས། ༡༦ ན་ནི་གྲངས་གསུམ་ཐིམ་སྐས་འདྲ། ༡༧ བས་ནི་གྲངས་དགུ་སྡིགས་པའི་གཟུགས། ༡༨ ཆུ་སྟོད་བཞི་སྟེ་བ་མཇུག་སྒྲེང་བ་འདྲ། ༡༩ ཆུ་སྨད་བཞི་སྟེ་གླང་ཆེན་འཕྱོང་བ་འདྲ། ༢༠ གྲོ་བཞིན་གསུམ་སྟེ་རྔའི་དབྱིབས། ༢༡ བྱི་བཞིན་གསུམ་སྟེ་བ་ལང་མགོ་བོ་འདྲ། བྱང་དུ། ༢༢ མོན་གྲེ་ལ་བཞི་བྱ་ཡི་དབྱིབས། ༢༣ མོན་གྲུ་གཅིག་ཡིན་ཐིག་ལེ་འདྲ (བཞི་ཡོད་ཀྱང་ཟེར) ༢༤ ཁྲུམས་སྟོད་གཉིས་ཡིན་རྟ་པ་འདྲ། ༢༥ ཁྲུམས་སྨད་གཉིས་ཡིན་རྐང་བའི་དབྱིབས། ༢༦ ནམ་གྲུ་སོ་གཉིས་སྐར་མའི་ཚོགས། ༢༧ ཐ་སྐར་གསུམ་སྟེ་བྱ་མཆུ་འདྲ། ༢༨ བྲ་ཉེ་གསུམ་ནི་མོ་རྟགས་འདྲ།

language:
Tibetan