Skip to main content Skip to search
rgyu ba'i dug
ID:
T228326
  • རྒྱུ་བའི་དུག (Tibetan, Tibetan script, Original)
    • > rgyu ba'i dug (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gyuwé duk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཁྱི་སྨྱོན་དང་སྡིག་སྦྲུལ་ལྟ་བུ་དུག་ཡོད་པའི་སྲོག་ཆགས་ཀྱི་སོས་རྨུགས་པ་ལས་བྱུང་བའི་དུག་རིགས་སྤྱིའི་མིང་སྟེ། མན་ངག་ཡོན་ཏན་རྒྱུད་ལས། སྔོན་གྱི་དུས་སུ་ལྷ་དང་ལྷ་མིན་གྱིས། བདུད་རྩི་འདོད་ནས་རྒྱ་མཚོ་བསྲུབས་པ་ལས། སྐྱེས་བུ་སྐྲ་སེར་མིག་ནས་མེ་འབར་བ། འཇིགས་པའི་གཟུགས་ཅན་དོན་ཏེ་ཚངས་པ་ཡིས། ཧཱུྃ་བརྗོད་པྲ་ཡས་རྒྱུ་མི་རྒྱུ་ལ་ཐིམ། མི་རྒྱུ་བོང་ང་བཙན་དུག་སྤྱང་དུག་དང་། ར་དུག་བསེ་ཤིང་ཐང་ཕྲོམ་རྟ་སྤུ་སོགས། རྒྱུ་བ་ཁྱི་སྨྱོན་སྦྲུལ་དང་སྡིག་པ་དང་། སྲིན་བུ་བ་ཡི་དུལ་ལ་སོགས་པ་ཡིན། ཞེས་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། རྒྱུ་བའི་དུག་ནི། ག་པ་དང་། སྲིན་བུ་ཨ་ལང་ཀ་ལྟ་བུ་སྲོག་ཆགས་དུག་ཡོད་པའི་སོས་རྨུགས་པའི་དུག་གོ །

language:
Tibetan