- rgyud kyi khyad chos bcu bdun
- ID:
- T228358
- རྒྱུད་ཀྱི་ཁྱད་ཆོས་བཅུ་བདུན (Tibetan, Tibetan script, Original)
- > rgyud kyi khyad chos bcu bdun (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyü kyi khyechö chudün (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞིའི་ཆེ་བའི་ཁྱད་ཆོས་བཅུ་བདུན་གྱི་བསྡུས་མིང་སྟེ། ཇོ་བོ་ལྷུན་གྲུབ་བཀྲ་ཤིས་ཀྱིས་མཛད་པའི་གཡུ་ཐོག་རྙིང་མའི་རྣམ་ཐར་གཟི་བརྗིད་རིན་པོ་ཆེའི་གཏེར་མཛོད་ལས། སློབ་མ་པད་མ་རྒྱལ་པོ་གཡུ་ཐོག་ཡོན་ཏན་མགོན་པོ་ལ་རྒྱུད་ཀྱི་ཁྱད་ཆོས་བཅུ་བདུན་པོ་གང་ཡིན་ཞུས་པས། རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོས་འདི་སྐད་གསུངས་སོ། །མདོ་ཐམས་ཅད་ཀྱི་ཉིང་ཁུ༡། རྒྱུད་ཐམས་ཅད་ཀྱི་གཙོ་བོ༢། མན་ངག་ཐམས་ཅད་ཀྱི་སྙིང་པོ༣། ལུང་ཐམས་ཅད་ཀྱི་འབྱུང་ཁུངས༤། གསོ་བ་རིག་པ་ཀུན་གྱི་འབྱུང་གནས༥། ཐེག་པ་མཐོ་དམན་ཀུན་གྱི་ཡང་རྩེ༦། ལག་ལེན་དམར་ཁྲིད་ཀྱི་གདམས་པ༧། གདམས་པ་གནད་ཀྱི་ལྡེ་མིག༨། མི་ཤེས་མུན་སེལ་གྱི་སྒྲོན་མེ༩། ངེས་ཤེས་དང་ཡིད་ཆེས་སྐྱེ་བར་བྱེད་པའི་ས་བོན༡༠། འཁྲུལ་མེད་མཁས་ཁྱད་འབྱེད་པའི་གནད་འགག༡༡། ཐེ་ཚོམ་དང་སྒྲོ་འདོགས་གཅོད་པའི་རལ་གྲི༡༢། ནད་གདོན་དཔུང་འཇོམས་ཀྱི་ཐོ་བ༡༣། ཟབ་པ་རྒྱལ་འགྲོལ་གྱི་སེན་མོ༡༤། ཡོན་ཏན་ཀུན་འབྱུང་གི་ནོར་བུ༡༥། གསོ་ཐབས་ཀྱི་རྩ་བ༡༦། གསོ་ཐབས་ལག་ལེན་གྱི་གཉེན་པོ་༡༧དང་བཅུ་བདུན་ནོ། །ཞེས་གསུངས་པ་ལྟར་རོ། །
- language:
- Tibetan