- rgyud sde chen po bzhi
- ID:
- T228369
- རྒྱུད་སྡེ་ཆེན་པོ་བཞི (Tibetan, Tibetan script, Original)
- > rgyud sde chen po bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyüdé chenpo shyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་ལ་ནང་དོན་མཆོག་དམན་གྱི་རིམ་པ་དང་བསྟུན་ནས་རིགས་མི་འདྲ་བ་བཞིར་ཕྱེ་བ་སྟེ། ༡བྱ་རྒྱུད། ༢སྤྱོད་རྒྱུད། ༣རྣལ་འབྱོར་རྒྱུད། ༤རྣལ་འབྱོར་བླ་ན་མེད་པའི་རྒྱུད་བཅས་ཡིན། རྒྱུད་སྡེ་བཞིའི་གོ་དོན་བཤད་ཚུལ་ལ་བོད་ཀྱི་ས་སྐྱ་དང་། རྙིང་མ། བཀའ་བརྒྱུད། དགེ་ལུགས་བཅས་ཀྱི་གྲུབ་མཐའ་སོ་སོས་གསུང་ཚུལ་མི་འདྲ་བ་ཡོད་ཀྱང་། <<ཆོས་འབྱུང་མཁས་པའི་དགའ་སྟོན་>>གྱི་རྩོམ་པ་པོ་དང་ཀོང་སྤུལ་རིན་པོ་ཆེ་ཡོན་ཏན་རྒྱ་མཚོའི་བཞེད་པ་ལྟར་ན་བྱ་རྒྱུད་ནི། ཕྱིའི་ཀུན་སྤྱོད་ཁྲུས་དང་གཙང་སྦྲ་སོགས་གཙོ་བོར་སྟོན་པའི་སྒོ་ནས་སྔགས་ཀྱི་ལམ་བསྒོམ་པའི་ཆ་ནས་བཞག་པ་དང་། སྤྱོད་རྒྱུད་ནི། ཕྱི་ལུས་ངག་གི་བྱ་བ་དང་ནང་སེམས་ཀྱི་ཏིང་ངེ་འཛིན་ཆ་མཉམ་པར་སྤྱོད་པའི་སྒོ་ནས་གསང་སྔགས་ཀྱི་ལམ་བསྒོམ་ཚུལ་གཙོ་བོར་བསྟན་པའི་རྒྱུད་རྣམས་ཡིན་ཞིང་། རྣལ་འབྱོར་རྒྱུད་ནི། ནང་ཐབས་ཤེས་གཉིས་ཀྱི་རྣལ་འབྱོར་དང་བདེན་པ་དབྱེར་མེད་དུ་སྦྱོར་བའི་ཏིང་ངེ་འཛིན་བསྒོམ་ཚུལ་གཙོ་བོར་སྟོན་པའི་རྒྱུད་རྣམས་ཡིན་ལ། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ནི། གཞི་ལམ་འབྲས་གསུམ་གྱི་སྐབས་སུ་ཐབས་ཤེས་གཉིས་མེད་དུ་སྦྱོར་ཚུལ་གཙོ་བོར་སྟོན་ཅིང་། དེ་ལས་ལྷག་པའི་རྒྱུད་སྡེ་གཞན་མེད་པ་ཞིག་ཡིན་པར་གསུངས། རྒྱུད་སྡེ་བཞི་པོ་སོ་སོར་ངོ་བོ་དང་སྒྲ་དོན། ནང་གསེས་ཀྱི་དབྱེ་བ། འཇུག་སྒོ་དབང་། བསྲུང་བྱ་དམ་ཚིག་དང་སྡོམ་པ། ལམ་མངོན་རྟོགས་ཀྱི་རིམ་པ། བསྒྲུབ་བྱའི་དངོས་གྲུབ། ས་ལམ་འབྲས་བུ་བཅས་ཀྱི་ཁྱད་པར་རྣམས་ཞིབ་པར་རྗེ་ཙོང་ཁ་པའི་གསུང་<<སྔགས་རིམ་ཆེན་མོ་>>དང་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་མཛད་པའི<<ཤེས་བྱ་ཀུན་ཁྱབ་>>རྩ་འགྲེལ་བཅས་ལ་གཟིགས།
- language:
- Tibetan
2. Thupten Phuntsok Dictionary
སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་ལ་ནང་དོན་མཆོག་དམན་གྱི་རིམ་པ་དང་བསྟུན་ནས་རིགས་མི་འདྲ་བ་བཞིར་ཕྱེ་བ་སྟེ། ༡ བྱ་རྒྱུད། ༢ སྤྱོད་རྒྱུད། ༣ རྣལ་འབྱོར་རྒྱུད། ༤ རྣལ་འབྱོར་བླ་ན་མེད་པའི་རྒྱུད་བཅས་ཡིན་ནོ། །
- language:
- Tibetan