- rgyus gnad bcu bzhi
- ID:
- T228415
- རྒྱུས་གནད་བཅུ་བཞི (Tibetan, Tibetan script, Original)
- > rgyus gnad bcu bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyü né chushyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྒྱུས་པ་རགས་པ་དང་ཕྲ་བ་གཉིས་ཀྱི་ཡ་གྱལ་རགས་པ་ཆུ་བའི་མིང་སྟེ། དཔལ་ལྡན་བྱང་པའི་ཡན་ལག་བརྒྱད་པ་ལས། ཆུ་བ་རྒྱུས་པ་རགས་ཕྲའི་གནད། རགས་པ་ཆུ་བ་ཕྲ་བ་རྒྱུས། མདོར་ན་ཤ་དང་རུས་པ་རྣམས། འཐོར་བ་དོགས་ནས་དཀྲིས་པ་ལྟར། ལས་ཀྱི་བྱེད་པར་ངོ་མཚར་ཆེ། ཞེས་གསུངས་པ་ལྟར་གྱི་རྒྱུས་པའི་ནང་ཚན་རགས་པ་ཆུ་བ་གནད་ཆེ་བ་བཅུ་བཞི་འདྲེན་པ་ལ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་མཛད་པའི་ལུས་ཐིག་ཟླ་བ་ནོར་བུའི་མེ་ལོང་ལས། རྒྱུས་གནད་རྐེ་ལ་མཇིང་པའི་ཆུ་ལེབ་གཉིས། བྱང་ཁོག་ཕྲག་པའི་གོང་གི་ཆུ་བ་གཉིས། ཡན་ལག་རྟིང་ཆུ་སྒྱིད་ཆུ་སྦལ་མགོ་དང་། གྲུ་མོ་མཁྲིག་མའི་ཆུ་བ་གཉིས་གཉིས་བཅུ། དེ་དག་དྲིལ་བས་བཅུ་བཞི་ཆུ་རྒྱུས་གནད། ཅེས་གསུངས།
- language:
- Tibetan