Skip to main content Skip to search
sga gzhung dgon pa
ID:
T228443
  • སྒ་གཞུང་དགོན་པ (Tibetan, Tibetan script, Original)
    • > sga gzhung dgon pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ga shyung gönpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

མིང་གཞན་ཟུར་དགོན་བདེ་ཆེན་ངེས་དོན་དམ་ཆོས་གླིང་ཞེས་ཟེར། རྒྱལ་བ་ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེའི་བཀའ་ལུང་ལྟར། བསྟན་པ་རྡོ་རྗེ་གྲགས་ལྡན་སེར་སྐྱ་གསུམ་རྗེ་སྒམ་པོ་པའི་གདན་ས་ནས་རྟེན་ཁྱད་པར་ཅན་འགའ་བསྣམས་ཏེ་གནས་འདིར་ཕེབས། འཆད་ཉན་སྒོམ་སྒྲུབ་གྱིས་བསྟན་པ་སྤེལ་ཚུལ་གསལ་བས་དེ་ན་རབ་བྱུང་དྲུག་པའི་འགོ་ཙམ་ན་གནས་འདིར་གདན་ས་ཆགས་པར་ངེས། གྲུབ་མཐའ་བཀའ་བརྒྱུད་པ་ཡིན། ད་ལྟ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་རྫོང་ (སྐྱེ་རྒུ་མདོ) ཁོངས་སུ་ཡོད།

language:
Tibetan