Skip to main content Skip to search
sga len dgon
ID:
T228445
  • སྒ་ལེན་དགོན (Tibetan, Tibetan script, Original)
    • > sga len dgon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ga len gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྡེ་དགེ་རྒྱལ་པོས་སྦྱིན་བདག་མཛད་ནས་བཞེངས་པའི་དགོན་པ། གུ་བཀྲའི་ཆོས་འབྱུང་ལས། ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྦྱིན་བདག་བྱས་ནས་བཏབས་པར་བཤད། དེས་ན་སྤྱི་ལོ་༡༧༢༠ལོའི་རྗེས་ཙམ་ཞིག་ན་ཡིན་དགོས། མིང་དངོས་སྒ་གླིང་དགོན་ཡིན་པར་གྲགས། ཐོག་མར་སྤྱི་ལོ་༨༤༡ལོར་ལྷ་ལུང་དཔལ་རྡོས་བོད་རྒྱལ་གླང་དར་མ་བཀྲོངས་ནས་མདོ་ཁམས་ཕྱོགས་སུ་བྲོས། དེ་ནས་སྒ་གླིང་སྟེང་དུ་སླེབས་ནས་སྒྲུབ་ཁང་ཞིག་བཞེངས་པ་དགོན་འདིའི་རྨང་གཞི་ཡིན། སྒྲུབ་ཁང་དེ་སྤྱི་ལོ་༡༩༥༩ལོའི་བར་རང་སོར་གནས་ཡོད། དེ་རྗེས་རབ་བྱུང་གསུམ་པའི་ས་བྱི་སྤྱི་ལོ་༡༡༦༨ལོ་ཡས་མས་ཞིག་ན་གླིང་རས་པདྨ་རྡོ་རྗེ་ཁམས་ཕྱོགས་སུ་ཕེབས་སྐབས་གནས་འདིར་ཕེབས་ཤིང་ལྷ་ལུང་དཔལ་རྡོའི་སྒྲུབ་ཁང་ལ་ཉམས་གསོ་བྱས། ཁོང་རང་གིས་ཀྱང་དེ་དང་མཉམ་པའི་སྒྲུབ་ཁང་ཞིག་བཞེངས་ཏེ་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་རྒྱུན་དར། དེ་རྗེས་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྐབས་སུ་དགོན་པ་རྒྱ་བསྐྱེད་ཅིང་གྲུབ་མཐའ་ས་སྐྱ་པར་གྱུར། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ཁོངས་སུ་ཡོད།

language:
Tibetan