- sgar bris
- ID:
- T228470
- སྒར་བྲིས (Tibetan, Tibetan script, Original)
- > sgar bris (Tibetan, Latin script, Transliteration-THL Extended Wylie Transliteration)
- > gar dri (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ནམ་མཁའ་བཀྲ་ཤིས་ཀྱིས་གཙོས་པའི་བཀྲ་ཤིས་རྣམ་པ་གསུམ་སྟེ། ཁོང་དང་ཆོས་བཀྲ་ཤིས་དང་། ཀར་ཤོད་ཀརྨ་བཀྲ་ཤིས་གསུམ་གྱིས་སྲོལ་བཏོད་དར་སྤེལ་བྱས་པའི་རི་མོའི་གྲུབ་མཐའ་ཞིག་ཡིན། དེའི་བྲིས་རྒྱུན་གྱི་ཁྱད་ཆོས་ནི་ལྷ་ཚུགས་སྨན་ཐང་ལུགས་གཞིར་བཞག་པ་ལ། རྒྱབ་ལྗོངས་ཀྱི་ཡུལ་ལྗོངས་བཀོད་པ་རྣམས་མིང་རྒྱལ་རབས་སྐབས་ཀྱི་རྒྱ་སྲོལ་ཞིབ་བྲིས་རི་མོའི་འབྲི་ཐབས་དང་ཁྱད་ཡོན་བླངས་ཐོག་རང་གི་ཚོན་མདངས་བྱེད་སྟངས་སྤྱད་ནས་བྲིས་པའི་བྲིས་རྒྱུན་ངོ་མཚར་ཅན་ཞིག་སྟེ་དུས་རབས་བཅུ་དྲུག་པའི་དུས་འགོ་ཙམ་ལ་དར་སྤེལ་བྱུང་བ་ཡིན།
- language:
- Tibetan