- sger chos che btsan khag
- ID:
- T228512
- སྒེར་ཆོས་ཆེ་བཙན་ཁག (Tibetan, Tibetan script, Original)
- > sger chos che btsan khag (Tibetan, Latin script, Transliteration-THL Extended Wylie Transliteration)
- > ger chö chetsen khak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྒེར་པ་དང་། ཆོས་གཞིས་ཟེར་བའི་བསྡུས་མིང་སྟེ་སྒེར་པ་ཆེ་བཙན་ཁག་གསུམ་དང་། ཆོས་གཞིས་ཆེ་བཙན་ཁག་དུན་ལ་ཟེར། སྒེར་པ་ཆེ་བཙན་ཁག་གསུམ་ནི། དེ་སྔའི་བོད་ས་གནས་སྲིད་གཞུང་གི་དཔོན་རིགས་སྡེ་དཔོན་ཆེ་ཁག་གསུམ་སྟེ། ཡབ་གཞིས་བསམ་འགྲུབ་ཕོ་བྲང་པ། ཐོན་པ་(བླ་བྲང་རྙིང་པ)རྡོ་རིང་དགའ་བཞི་བ་བཅས་གསུམ་ཡིན་ཞིང་། ཆོས་གཞིས་ཆེ་བཙན་ཁག་བདུན་ནི་སེ་འབྲས་དགའ་གསུམ། རྒྱུད་སྟོད། རྒྱུད་སྨད། རྣམ་རྒྱལ་གྲྭ་ཚང་། གནས་ཆུང་གྲྭ་ཚང་བཅས་བདུན་ཡིན།
- language:
- Tibetan
2. Thupten Phuntsok Dictionary
སྒེར་པ་དང་། ཆོས་གཞིས་ཟེར་བའི་བསྡུས་མིང་སྟེ་སྒེར་པ་ཆེ་བཙན་ཁག་གསུམ་དང་། ཆོས་གཞིས་ཆེ་བཙན་ཁག་བདུན་ལ་ཟེར། སྒེར་པ་ཆེ་བྲན་ཁག་གསུམ་ནི། དེ་སྔའི་བོད་ས་གནས་སྲིད་གཞུང་གི་དཔོན་རིགས་སྡེ་དཔོན་ཆེ་ཁག་གསུམ་སྟེ། ཡབ་གཞིས་བསམ་འགྲུབ་ཕོ་བྲང་པ། ཐོན་པ་ (བླ་བྲང་རྙིང་པ) རྡོ་རིང་དགའ་བཞི་བ་བཅས་གསུམ་ཡིན་ཞིང་། ཆོས་གཞིས་ཆེ་བཙན་ཁག་བདུན་ནི་སེ་འབྲས་དགའ་གསུམ། རྒྱུད་སྟོད། རྒྱུད་སྨད། རྣམ་རྒྱལ་གྲྭ་ཚང་། གནས་ཆུང་གྲྭ་ཚང་བཅས་བདུན་ཡིན།
- language:
- Tibetan