- sger lha sdings pa
- ID:
- T228529
- སྒེར་ལྷ་སྡིངས་པ (Tibetan, Tibetan script, Original)
- > sger lha sdings pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > ger lha dingpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྒེར་ལྷ་སྡིངས་པའི་མིང་ཆ་ཚང་དུ་ཕག་མོ་ལྷ་སྡིངས་ཞེས་འབོད་པ་དང་། མལ་གྲོ་གུང་དཀར་རྫོང་འོག་སྒེར་གཞིས་ཆེ་གྲས་གཉིས་པ་དེ་ཡིན་ལ་མལ་གྲོ་གུང་དཀར་རྫོང་གི་གཙོ་དྲག་ཕག་མོ་བ་ཞེས་པ་དེ་ཡིན། ལྷ་སྡིངས་ཀྱི་ཕ་གཞིས་གནས་ཡུལ་དེ་སྐྱེད་ཆུའི་བྱང་ཕྱོགས་ཐང་སྐྱའི་ཁོངས་གྲོག་ནང་དུ་ཡོད་ཅིང་། བྱང་རི་སྒྲོལ་མ་རིའི་ངོས་སུ་གཡི་ཕུ་ཞེས་རི་ཁྲོད་དང་། ཇོ་བོ་རྗེ་ཨ་ཏི་ཤའི་གདུང་རུས་བཞུགས་པའི་མཆོད་རྟེན་སོགས་མཆོད་རྟེན་མང་པོ་ཡོད་པའི་དབེན་གནས་དང་། ལྷོ་ངོས་ཐང་དཀྱིལ་དུ་བཙན་པོ་སྲོང་བཙན་གྱི་སྐུ་དུས་སུ་བཞེངས་པའི་ཐང་སྐྱ་གཙུག་ལག་ཁང་། ཤར་ངོས་རི་ལྡེབས་སུ་དུས་རབས་བཅུ་དྲུག་པའི་ནང་མཁར་སྐལ་བཟང་བདེ་ཆེན་གྱིས་བཏབ་པའི་གཡང་སྒང་ཞེས་པའི་མོ་དགོན། ནུབ་ངོས་རི་ལྡེབས་སུ་གཡག་སྡེ་པཎ་ཆེན་བརྩོན་འགྲུས་དར་གྱིས་བཏབ་ཅིང་། ཕྱིས་ས་ལུགས་ནས་དགེ་ལུགས་སུ་བསྒྱུར་བ་གྲོག་ཨེ་ཝཾ་དགོན་སོགས་དཀྱིལ་དུ་ཆགས་ཤིང་། དེ་གའི་ས་མི་རི་ཀླུང་གི་བདག་པོ་བྱེད་པའི་སྒེར་ལྷ་སྡིངས་པའི་ཐོག་མའི་འབྱུང་ཁུངས་ནི་དགའ་ལྡན་ཕོ་བྲང་པའི་དབང་བསྒྱུར་ཐོག་མར་ཚུག་ས་སྐབས་གླིང་གེ་སར་གྱི་དཔའ་བརྟུལ་དཔའ་ལ་སེང་སྟག་ཨ་དོམ་གྱི་མི་རྒྱུད་དུ་གྲགས་པའི་འབའ་བདེ་ཆེན་ཁང་གསར་བའི་བུ་དོན་གྲུབ་ཚེ་དབང་ཞེས་པ་ལྷ་སར་ཡོང་ནས་རང་གི་ཕ་མེས་དུས་སུ་བྱས་རྗེས་བཞག་ཚུལ་དང་། རང་ནས་ཕྱིས་འབྱུང་དགའ་ལྡན་ཕོ་བྲང་ལ་བསམ་པ་ནི་རྣམ་དག་བྱ་རྒྱུའི་དམ་བཅའ་བཞག་པ་སོགས་ལ་བརྟེན་ཕག་མོ་རྩེ་﹙ད་ལྟ་སྟག་རྩེ་རྫོང་ཁོངས་﹚པར་ཡོད་པའི་སྐྱིད་ཤོད་བྲག་དཀར་བའི་མི་རྒྱུད་ཀྱི་གོ་མག་ཏུ་བཏང་ནས་ཐང་སྐྱ་ལྷ་ལྡིངས་ཞེས་པའི་ས་ཁང་མི་སེར་དང་བཅས་པ་བདག་ཐོབ་བྱུང་ནས་སྒེར་ལྷ་སྡིངས་པའི་མིང་ཐོག་ཏུ་ཤོད་དྲུང་ཞུས། སྡོད་གནས་མ་གཞིས་དེ་ཕག་མོ་རྩེ་ནས་གྲོག་ལྷ་སྡིངས་གཞིས་སུ་སྤོས་སྟབས་ཕག་མོ་ལྷ་སྡིངས་ཞེས་འབོད་སྐད། དོན་གྲུབ་ཚེ་རིང་གི་བུ་རྒན་པས་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་སྐུ་དུས་སུ་བཀའ་བློན་གྱིས་འགན་འཁུར་བ་ནས་བཟུང་ལྷ་སྡིངས་དེ་བཞིན་མི་དྲག་ཁོངས་སུ་གཏོགས། དོན་གྲུབ་གི་ཚེ་རིང་གི་བུ་གཞོན་པས་རྩིས་དཔོན་﹙རིམ་པ་བཞི་པ་﹚བྱས་པ། བཀའ་བློན་ལྷ་སྡིངས་བའི་བུས་བཀའ་དྲུང་སོགས་ཀྱི་འགན་བླངས། དེའི་བུ་དགྲ་ལྷས་ཆིབས་དཔོན་ཆེ་མོ་བ་སོགས་བྱས། དེ་རྗེས་མདའ་དཔོན་གྱི་འགན་འཁུར་ནས་དབྱིན་འགོག་དམག་སར་ཕེབས་ཤིང་། རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག་﹙༡༩༠༤﹚ལོ་དབྱིན་འགོག་དམག་འཐབ་ནང་སྐུ་སྲོག་དོར་བའི་མདའ་དཔོན་ལྷ་སྡིངས་སྲས་སུ་གྲགས་པ་དེ་ཡིན། དེའི་ཚ་བོ་མགོན་པོ་སྙན་གྲགས་ཀྱིས་མདའ་དཔོན་དང་། བླ་བྲང་ཕྱག་མཛོད་པ་(རིམ་པ་བཞི་པ་)ཕོགས་དཔོན་སོགས་བྱས་དེའི་ཚ་བོ་ངག་དབང་གྲགས་པས་རྩེ་དྲུང་བྱས་ཏེ་ལྷ་སྡིངས་ནས་ལྷ་ས་སྐུ་འབུམ་ཐང་གི་ལྷ་སྡིངས་གཞིས་སྐལ་ཐོབ་རྗེས་ཟུར་ཐོན་བྱས་ཏེ་རྩེ་མགྲོན་དང་ནན་ཅིན་དོན་གཅོད་པ་དྲུང་ཡིག་ཆེན་མོ་སྐུ་བཅར་མཁན་ཆེའི་ཐོག་མཛོད་སྦུག་དོ་དམ་སོགས་དང་ཚེ་སྨོན་གླིང་གི་བླ་བྲང་ཕྱག་མཛོད་བྱས་དགྲ་ལྷའི་བུ་བསོད་ནམས་ཚེ་རིང་ནས་དིང་རི་དམག་གི་མདའ་དཔོན་སོགས་བྱས་རྗེས་ཚེ་མཇུག་ཏུ་རྒན་ཆོས་ཀྱི་དགེ་སློང་སྒྲུབ་མགོན་པོ་སྙན་གྲགས་ཀྱི་བུ་བསོད་ནམས་དཔལ་འབྱོར་གྱིས་རྩམ་ལེན་དང་གནམ་རུ་མགོ་པ་བླ་བྲང་ཕྱག་མཛོད་པ་སོགས་བྱས་ཤིང་༡༩༦༥ལོར་ཕྱི་རྒྱལ་དུ་འདས་དེའི་བུ་རྡོ་རྗེ་རྣམ་རྒྱལ་ད་ལྟ་ལྷ་ས་གྲོང་ཁྱེར་གྱི་སྲིད་གྲོས་ཀྱི་ཨུ་ཡོན་ཡིན་དབང་རིགས་ཐད་ལྷ་སར་ལྷ་སྡིངས་ཟིམ་ཤག་ཅེས་ལྷ་ས་གྲོང་ཁུལ་རྙིང་པའི་ལྷོ་ངོས་སུ་ཁང་པ་ཐོག་ཚད་གཉིས་ལྡན་རྒྱ་ཁྱོན་ཆེ་ཙམ་དང་མལ་གྲོ་གུང་དཀར་རྫོང་ཁོངས་སུ་ཡོསད་པའི་གྲོག་ལྷ་སྡིངས་གཞིས་སུ་རྟེའུ་རའི་སྒང་དུ་གཞིས་ཁང་ཐོག་བརྩེགས་བཞི་ལྡན་རྒྱ་ཁྱོན་ཆེ་བ་དང་ལྕང་རའི་ནང་སྤྲོ་ཁང་གཟིམ་ཆུང་ལེ་ལག་དང་བཅས་པའི་ཐོག་ཆབ་རྫིང་ཡང་ཡོད་རྒྱུན་དུ་མི་དྲག་སྤྱི་མཚུངས་ཀྱི་ཕྱག་མཛོད་དང་དྲུང་ཡིགགཉེར་པ། ཞབས་གྲས་ཕོ་མོ་ལས་དོན་དབང་ཆེན་སོགས་ནང་ཟན་སྣ་ཚོགས་མི་གྲངས་བརྒྱ་སྐོར་དང་གྲོག་ཕུར་འབྲོག་ཁག་ལ་ནག་ཕྱུགས་དྲུག་བརྒྱ་སྐོར་མ་གཞིས་རྟེའུ་རྭའི་སྒང་དང་ཐང་སྐྱ་གཞིས་ཀ་ཤོད་ཕག་མོ་ཞོལ་སྒུར་མ་ཁང་གསར་གཞིས་ཕག་མོ་ཞོལ་སྡོང་སྨད་སྒང་གཞིས་གཡའུ་སྒང་གཞིས་རྩེ་ཉ་སྨད་སྒེར་སེང་གི་རྣ་བའི་གཞིས་བྱང་ཕྱོགས་ལ་རྒྱབ་ཏུ་ཀླུང་ཤོད་ནང་མགུ་ཡར་བལྟ་གཞིས་བཅས་གཞི་མ་ལག་བདུན་དང་ས་ཞིང་གཞི་ཁྱོན་ཆེ་ཙམ་མི་སེར་གནས་ཡུལ་ཕག་མོ་ཞོལ་ལ་ཁང་གསར་དང་ཕག་མོ་ཞོལ་སྡོང་སྨད་སྒང་སྡོང་པོ་སྒང་སྲིབ་སྣའི་སྒང་གི་མིང་ཅན་གྲོང་ཚོ་སོགས་གྲོང་ཚོ་ཁག་མང་བཅས་ལ་དབང་བའི་ས་ཞིང་དང་མི་སེར་ཕྱུགས་རིགས་སོགས་ཡོད་ཐོག་དམིགས་བསལ་གྱི་ཁྲལ་རིགས་ནི་རྩེ་ཕོ་བྲང་གི་བཙག་དམར་བསྔོག་འདོན་བྱ་རྒྱུས་མཚོན་ཕྱི་ཁྲལ་དང་ནང་ཁུལ་གཞིས་ཀའི་ས་ཞིང་འདེབས་ལས་སོགས་ཡིན་སྒོ་དཀྱིལ་འཁོར་རིས། གསང་སྔགས་བླ་མེད་གྱི་གཞྭུང་ནས་བཤད་པའི་བློས་བསླང་གི་དཀྱིལ་འཁོར་རྣམས་ཀྱི་སྒོ་ཡི་ཁྱད་ཆོས་དང་མཐུན་པ་སྟེ་རྩིག་པའི་ནང་སྣེ་ནས་ཕྱིར་སོང་བའི་སྒོ་ཁྱུད་དེ་ནས་སྒོ་དངོས་གཞིའི་འགྲམ་གཉིས་ཏེ་སྒོ་འགྲམ་དེ་ནས་སྒོའི་གཡས་གཡོན་གཉིས་སྒོ་འགྲམ་གཉིས་ལས་ཀྱང་རྒྱ་ཆེ་བར་བྱས་པ་དེ་ལ་ཟེར་ཞིང་རྗེས་སུ་གཙུག་ལག་ཁང་གི་ཁྱམས་ར་ཕྱི་མ་སྔར་ལས་རྒྱ་བསྐྱེད་བྱས་པའི་རྐྱེན་གྱིས་གོང་གསལ་བཟོ་དབྱིབས་མི་མངོན་པར་གྱུར་པ་ཡིན་ངེས།
- language:
- Tibetan
2. Thupten Phuntsok Dictionary
སྒེར་ལྷ་སྡིངས་པའི་མིང་ཆ་ཚང་དུ་ཕག་མོ་ལྷ་སྡིངས་ཞེས་འབོད་པ་དང་། མལ་གྲོ་གུང་དཀར་རྫོང་འོག་སྒེར་གཞིས་ཆེ་གྲས་གཉིས་པ་དེ་ཡིན་ལ་མལ་གྲོ་གུང་དཀར་རྫོང་གི་གཙོ་དྲག་ཕག་མོ་བ་ཞེས་པ་དེ་ཡིན། ལྷ་སྡིངས་ཀྱི་ཕ་གཞིས་གནས་ཡུལ་དེ་སྐྱིད་ཆུའི་བྱང་ཕྱོགས་ཐང་སྐྱའི་ཁོངས་གྲོག་ནང་དུ་ཡོད་དོ། །
- language:
- Tibetan