Skip to main content Skip to search
sgom pa mgon po rgyal mtshan
ID:
T228573
  • སྒོམ་པ་མགོན་པོ་རྒྱལ་མཚན (Tibetan, Tibetan script, Original)
    • > sgom pa mgon po rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gompa gönpo gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བོད་ཀྱི་ཆོས་རྒྱལ་གྱི་གདུང་ལས་བྱུང་བ། འབྲི་གུང་སློབ་དཔོན་འཇམ་དབྱངས་རིན་ཆེན་གྱི་དབོན་པོ་མགོན་པོ་རྒྱལ་མཚན་ཞེས་པ་ནི་འབྲི་གུང་གདན་རབས་བཅོ་ལྔ་པ་ཀུན་དགའ་རིན་ཆེན་དཔལ་བཟང་གི་སྐུ་དུས་ཀྱི་སྒོམ་པ(དཔོན་ཆེན)ཞིག་ཡིན། ཁོང་གིས་སྒོམ་པའི་འཁུར་བཟུང་རིང་རྗེ་ཀུན་དགའ་རིན་ཆེན་དཔལ་བཟང་པོའི་ཞབས་འདེགས་ཚུལ་བཞིན་སྒྲུབ་པའི་ཐོག་དབུས་གཙང་འཁྲུགས་པའི་དབང་གིས་འབྲི་བསྟན་ལ་མཐོ་འཚམས་བྱུང་སྐབས་དང་། ལྷག་པར་འབྲི་ཕག་འཁྲུགས་པའི་སྐབས་དམག་དཔོན་གྱི་འཁུར་བཟུང་སྟེ་ཕ་རོལ་པ་ཕམ་པར་བྱས་པ་སོགས་དྲག་འཐབ་ཀྱི་ལས་ལ་དཔའ་རྩལ་ཕུལ་དུ་བྱུང་བ་ཞིག་ཡིན་འདུག

language:
Tibetan

2. Thupten Phuntsok Dictionary

བོད་ཀྱི་ཆོས་རྒྱལ་གྱི་གདུང་ལས་བྱུང་བ། འབྲི་གུང་སློབ་དཔོན་འཇམ་དབྱངས་རིན་ཆེན་གྱི་དབོན་པོ་མགོན་པོ་རྒྱལ་མཚན་ཞེས་པ་ནི་འབྲི་གུང་གདན་རབས་བཅོ་ལྔ་པ་ཀུན་དགའ་རིན་ཆེན་དཔལ་བཟང་གི་སྐུ་དུས་ཀྱི་སྒོམ་པ (དཔོན་ཆེན) ཞིག་ཡིན། ཁོང་གིས་སྒོམ་པའི་འཁུར་བཟུང་རིང་རྗེ་ཀུན་དགའ་རིན་ཆེན་དཔལ་བཟང་པོའི་ཞབས་འདེགས་ཚུལ་བཞིན་སྒྲུབ་པའི་ཐོག་དབུས་གཙང་འཁྲུགས་པའི་དབང་གིས་འབྲི་བསྟན་ལ་མཐོ་འཚམས་བྱུང་སྐབས་དང་། ལྷག་པར་འབྲི་ཕག་འཁྲུགས་པའི་སྐབས་དམག་དཔོན་གྱི་འཁུར་བཟུང་སྟེ་ཕ་རོལ་པ་ཕམ་པར་བྱས་པ་སོགས་ཕྲག་འཐབ་ཀྱི་ལས་ལ་དཔའ་རྩལ་ཕུལ་དུ་བྱུང་བ་ཞིག་ཡིན་འདུག

language:
Tibetan