- sgom pa tshad med bzhi
- ID:
- T228574
- སྒོམ་པ་ཚད་མེད་བཞི (Tibetan, Tibetan script, Original)
- > sgom pa tshad med bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
- > gompa tsemé shyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྨན་པའི་ལྟ་བ་དང་། སྒོམ་པ། སྤྱོད་པ་གསུམ་གྱི་ཡ་གྱལ་སྒོམ་པའི་རིམ་པ་ངན་འགྲོའི་སྡུག་བསྔལ་ལ་མི་བཟོད་པའི་སྙིང་རྗེ་དང་། འགྲོ་བ་ཀུན་ལ་བུ་གཅིག་པའི་མ་ལྟར་བརྩེ་བའི་བྱམས་པ། གང་དག་སྡུག་བསྔལ་དང་བྲལ་བ་ལ་དགའ་བ། ཉེ་རིང་ཆགས་སྡང་ཐམས་ཅད་དང་བྲལ་བའི་བཏང་སྙོམས་བཅས་ཚད་མེད་པ་བཞིའི་བསྡུས་མིང་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་བཻཌཱུར་སྔོན་པོ་ལས། སྨན་པ་རྣམས་ཀྱིས་ཉམས་སུ་བླང་བ་ཁྱད་པར་དུ་བྱ་བ་ནི་སྒོམ་པ་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་ནས་འཇིག་རྟེན་ཆོས་བརྒྱད་མགོ་སྙོམས་པར་གྱུར་ཅིག་སྙམ་པའི་ཚད་མེད་བཞིའི་ངང་དུ་གནས་པར་བྱའོ། །
- language:
- Tibetan
- Contemplative Traditions: