- sgom lam rdo rje lta bu'i ting nge 'dzin
- ID:
- T228583
- སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན (Tibetan, Tibetan script, Original)
- > sgom lam rdo rje lta bu'i ting nge 'dzin (Tibetan, Latin script, Transliteration-THL Extended Wylie Transliteration)
- > gom lam dorjé tabü ting ngé dzin (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཐེག་པ་ཆེ་ཆུང་སོ་སོའི་ལམ་གྱི་འབྲས་བུ་མཐར་ཐུག་ཐོབ་པའི་གེགས་སུ་གྱུར་པའི་སྤང་བྱ་མཐར་ཐུག་པ་འཇོམས་པ་ལ་ཐོགས་པ་མེད་པའི་མཐུ་དང་ལྡན་པ་གཉེན་པོ་བར་ཆད་མེད་ལམ་མོ། དེ་རྒྱུད་ལ་སྐྱེ་བའི་སྐད་ཅིག་གཉིས་པ་ཐེག་པ་རང་རང་གི་མཐར་ཕྱིན་པའི་འབྲས་བུ་མི་སློབ་ལམ་མངོན་དུ་བྱས་པ་ཡིན། དཔེར་ན། ཐེག་ཆེན་གྱི་ལུག་ལྟར་ན། སངས་རྒྱས་ཚུལ་ནི། བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་རྫོགས་ནས། སྲིད་པ་ཐ་མ་བའི་ཚེ་འོག་མིན་སྟུག་པོ་བཀོད་པར་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་འོད་ཟེར་ཆེན་པོའི་དབང་བསྐུར་ནས་ས་བཅུ་པ་རྫོགས་མཚམས་ཀྱི་ཡེ་ཤེས་དེ་ལ་རྒྱུན་མཐའི་ཡེ་ཤེས་སམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་སྟེ། དེ་རྒྱུད་ལ་སྐྱེས་པའི་སྐད་ཅིག་གཉིས་པ་ལ་ཆོས་ཀྱི་སྐུའི་བདག་ཉིད་ཅན་གྱི་ལོངས་སྤྱོད་རྫོགས་པར་སངས་རྒྱས་པ་ཡིན་ཞེས་གསུངས་སོ། འོན་ཀྱང་བྱེ་བྲག་སྨྲ་བས་འོག་མིན་སྟུག་པོ་བཀོད་པ་དང་ལོངས་སྐུའི་རྣམ་བཞག་སོགས་ཁས་མི་ལེན་ནོ། །
- language:
- Tibetan
2. Thupten Phuntsok Dictionary
ཐེག་པ་ཆེ་ཆུང་སོ་སོའི་ལམ་གྱི་འབྲས་བུ་མཐར་ཐུག་ཐོབ་པའི་གེགས་སུ་གྱུར་པའི་སྤང་བྱ་མཐར་ཐུག་པ་འཇོམས་པ་ལ་ཐོགས་པ་མེད་པའི་མཐུ་དང་ལྡན་པ་གཉེན་པོ་བར་ཆད་མེད་ལམ་མོ། །དེ་རྒྱུད་ལ་སྐྱེ་བའི་སྐད་ཅིག་གཉིས་པ་ལ་ཐེག་པ་རང་རང་གི་མཐར་ཕྱིན་པའི་འབྲས་བུ་མི་སློབ་ལམ་མངོན་དུ་བྱས་པ་ཡིན། དཔེར་ན། ཐེག་ཆེན་གྱི་ལུགས་ལྟར་ན། སངས་རྒྱས་ཚུལ་ནི། བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་རྫོགས་ནས། སྲིད་པ་ཐ་མ་པའི་ཚེ་འོག་མིན་སྟུག་པོ་བཀོད་པར་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་འོད་ཟེར་ཆེན་པོའི་དབང་བསྐུར་ནས་ས་བཅུ་པ་རྫོགས་མཚམས་ཀྱི་ཡེ་ཤེས་དེ་ལ་རྒྱུན་མཐའི་ཡེ་ཤེས་སམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་བ་སྟེ། དེ་རྒྱུད་ལ་སྐྱེས་པའི་སྐད་ཅིག་གཉིས་པ་ལ་ཆོས་ཀྱི་སྐུའི་བདག་ཉིད་ཅན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་བརྙེས་ཏེ་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ཞེས་གསུངས་སོ། །འོན་ཀྱང་བྱེ་བྲག་སྨྲ་བས་འོག་མིན་སྟུག་པོ་བཀོད་པ་དང་ལོངས་སྐུའི་རྣམ་བཞག་སོགས་ཁས་མི་ལེན་ནོ། །
- language:
- Tibetan
- Contemplative Traditions: