- sgyu rtsal mkhas can blo bzang tshe ring
- ID:
- T228596
- སྒྱུ་རྩལ་མཁས་ཅན་བློ་བཟང་ཚེ་རིང (Tibetan, Tibetan script, Original)
- > sgyu rtsal mkhas can blo bzang tshe ring (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyutsal khechen lo zang tsering (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བློ་བཟང་ཚེ་རིང་(ཨ་ཁུ་སྟོན་པ་)ནི་ལོ་རབས་བཞི་བཅུ་དང་ལྔ་བཅུའི་ནང་ལྷ་མོ་སོགས་ཀྱི་སྒྱུ་རྩལ་བྱང་ཆུབ་པའི་གྲགས་ཅན་ཞིག་རེད། ཁོང་འཕན་པོ་རྒྱལ་ལྷ་ཁང་གྲོང་ཚོའི་ཤར་མ་ཞེས་པའི་ཞིང་པའི་ཁྱིམ་ཚང་ཞིག་ལ་སྐྱེས་པ་དང་། ཆུང་དུས་ནས་གཟུགས་བྱད་ལེགས་ལ་སྤྱང་གྲུང་འཛོམས་པ། གྲུང་ཤ་དོད་ལ་དྲན་རྒྱུ་རྒོད་པ། རྩེད་མོར་དགའ་བ། གཞས་དང་ཞབས་བྲོར་དགའ་ཞིང་གཞས་ཚིག་སྣ་ཚོགས་སྐྱེས་སྟོབས་ཀྱིས་འཕྲལ་མར་བཟོ་ཐུབ་པ། མི་གཞན་ལ་སྤྱང་གྲུང་སློབ་མཁས་པ་སོགས་ལ་བརྟེན་ཡུལ་མི་ཚོས་སྔོན་གྱི་ཨ་ཁུ་སྟོན་པ་དང་འདྲ་བས་ཨ་ཁུ་སྟོན་པ་ཞེས་མིང་བཏགས་པ་དེ་རྗེས་སུ་ཡོངས་གྲགས་སུ་གྱུར། རིག་གནས་སྒྱུ་རྩལ་ལ་སྦྱངས་གོམས་ལེགས་པར་ཐོན་པ་མ་ཟད། ཕྱུགས་ནད་འགོག་བཅོས་ཤེས་ལ་རྟ་ལེགས་ཉེས་བརྟག་དཔྱད་དང་། རྟ་ནད་ཀྱང་བཅོས་ཤེས་སྟབས་རྭ་སྒྲེང་སྐུ་ཕྲེང་ལྔ་པ་རྒྱལ་ཟུར་གནང་རྗེས་སུ་ཨ་ཁུ་སྟོན་པ་དང་དགའ་ཆོས་དབུ་ཟུར་གསང་བདག་ཟེར་བ་གཉིས་རྭ་སྒྲེང་སྤྲོ་ཁང་དུ་ཐུགས་ཉར་སྡོད་ཤག་ཀྱང་། བཀོད་སྒྲིག་གནང་སྟེ་ལྷ་མོའི་རྣམ་ཐར་དང་གར་རོལ་ལ་དགྱེས་ཚུལ་བཞེས་སྐད། རབ་བྱུང་བཅུ་དྲུག་པའི་མེ་ཕག་(༡༩༤༧)ལོར་ར་སྟག་དོན་རྐྱེན་ནང་རྭ་སྒྲེང་ལ་ཇུས་ཉེས་བྱུང་རྗེས་བོད་ས་གནས་སྲིད་གཞུང་ནས་ཨ་ཁུ་སྟོན་པ་ལྷ་སའི་སྐྱོར་མོ་ལུང་ལྷ་མོ་ཙོགས་པའི་ནང་དུ་བཅུགཨ་ཁུ་སྟོན་པ་ལྷ་མོ་ཚོགས་པའི་རྒྱ་ལུ་རྒན་པ་དང་། འཁྲབ་ཚན་ནང་གི་མི་སྣ་གཙོ་བོ་འགའ་ཞིག་འཁྲབ་སྟོན་བྱེད་ཅིང་། ཁོང་གི་སྐད་གདངས་ཧ་ཅང་སྙན་ལ་རྣམ་ཐར་གྱི་མགྲིན་འགུག་ལེགས་པ། ཕོ་འཁྲབ་མོ་འཁྲབ་གང་གང་ཡིན་ཡང་ལུས་ཀྱི་འཁྱེར་བཟོ་དང་། རྐང་ལག་སྟང་སྟབས། དགའ་སྐྱོ་ཁྲོ་གསུམ་གྱི་རྣམ་འགྱུར། འཁྲབ་བྱ་གང་ཡིན་དེའི་ཉམས་འགྱུར་དང་རྣམ་ཐར་ཚིག་གདངས་སོགས་ལ་དམིགས་གསལ་གྱི་ཁྱད་ཆོས་ལྡན་པའི་ནོར་བུ་གླིང་ཀའི་ཞོ་སྟོན་སོགསཀྱི་སྐབས་སུ་ཨ་ཁུ་སྟོན་པས་རྣམ་ཐར་གཏོང་སྐབས་ལྟད་མོ་བ་ཚོས་ཟབ་ནན་གྱིས་ཉན་གྱི་ཡོད། རྒྱུན་དུ་འཕན་པོ་རྒྱལ་ལུག་ལྷས་ལྷ་ཁང་གི་ཉེ་འགྲམ་དུ་ཡོད་པའི་རང་ཁྱིམ་དུ་སྡོད་པ་ལས་སྐོར་བསྐྱོད་འཁྲབ་སྟོན་བྱེད་པར་འགྲོ་གི་མེད། དམངས་གཙོའི་བཅོས་བསྒྱུར་རྗེས་ཕ་ཡུལ་དུ་ལྷ་མོའི་ཚོགས་པ་བཙུགས་ནས་འཁྲབ་སྟོན་བྱེད་པ་དང་། ལྷན་གྲུབ་རྫོང་མི་དམངས་སྲིད་གཞུང་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་སུ་བསྡུས་ཤིང་། རིག་གནསགགསར་བརྗེའི་ནང་ཁོང་ལ་རྡུང་རྡེག་ཕོག་ནས་(༡༩༧༠)ཙམ་ལ་ངལ་རྩོལ་བསྒྱུར་བཀོད་ཁོངས་སུ་གྲོངས།
- language:
- Tibetan
2. Thupten Phuntsok Dictionary
བློ་བཟང་ཚེ་རིང་ (ཨ་ཁུ་སྟོན་པ) ནི་ལོ་རབས་བཞི་བཅུ་དང་ལྔ་བཅུའི་ནང་ལྷ་མོ་སོགས་ཀྱི་སྒྱུ་རྩལ་བྱང་ཆུབ་པའི་གྲགས་ཅན་ཞིག་རེད། ཁོང་འཕན་པོ་རྒྱལ་ལྷ་ཁང་གྲོང་ཚོའི་ཤར་མ་ཞེས་པའི་ཞིང་པའི་ཁྱིམ་ཚང་ཞིག་ལ་སྐྱེས་པ་དང་། ཆུང་དུས་ནས་གཟུགས་བྱད་ལེགས་ལ་སྤྱང་གྲུང་འཛོམས་པ། གྲུང་ཤ་དོད་ལ་དྲན་རྒྱུ་རྒོད་པ། རྩེད་མོར་དགའ་བ། གཞས་དང་ཞབས་བྲོར་དགའ་ཞིང་གཞས་ཚིག་སྣ་ཚོགས་སྐྱེས་སྟོབས་ཀྱིས་འཕྲལ་མར་བཟོ་ཐུབ་པ། མི་གཞན་ལ་སྤྱང་གྲུང་སློབ་མཁས་པ་སོགས་ལ་བརྟེན་ཡུལ་མི་ཚོས་སྔོན་གྱི་ཨ་ཁུ་སྟོན་པ་དང་འདྲ་བས་ཨ་ཁུ་སྟོན་པ་ཞེས་མིང་བཏགས་པ་དེ་རྗེས་སུ་ཡོངས་གྲགས་སུ་གྱུར། དམངས་གཙོའི་བཅོས་བསྒྱུར་རྗེས་ཕ་ཡུལ་དུ་ལྷ་མོ་ཚོགས་པ་བཙུགས།
- language:
- Tibetan