Skip to main content Skip to search
sgra rtag 'dzin rtog pa'i don spyi
ID:
T228626
  • སྒྲ་རྟག་འཛིན་རྟོག་པའི་དོན་སྤྱི (Tibetan, Tibetan script, Original)
    • > sgra rtag 'dzin rtog pa'i don spyi (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dra tak dzin tokpé dönchi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྒྲ་རྟག་འཛིན་རྟོག་པའི་དོན་སྤྱི་ལ་སྒྲ་རྟག་འཛིན་རྟོག་པར་སྣང་བའི་ཆ་དེའོ། ། ལུགས་འདིར་ཤེས་པ་ཡིན་ན་རང་གི་གཞལ་བྱ་རྟོགས་པས་ཁྱབ་པར་བཞེས་པས་རི་བོང་རྭའི་དོན་སྤྱི་དང་སྒྲ་རྟག་པའི་དོན་སྤྱི་གཉིས་སོ་སོར་རི་བོང་རྭ་འཛིན་རྟོག་པ་དང་སྒྲ་རྟག་འཛིནརྟོག་པའི་སྣང་ཡུལ་ཙམ་དུམ་ཟད་གཞལ་བྱ་ཡིན་པར་འདོད་དེ། གཉིས་སྣང་ཅན་གྱི་ཤེས་པ་ཡིན་ན་རང་གི་སྣང་ཡུལ་ལ་མངོན་སུམ་ཚད་མ་ཡིན་པས་ཁྱབ་བཞེད་པའི་ཕྱིར་ཏེ། སྐྲ་བཤད་འཛག་སྣང་དང་སྒྲ་རྟག་འཛིན་རྟོག་པ་སོགས་ལོག་ཤེས་རྣམས་ཀྱང་རང་ཉིད་མངོན་སུམ་ཚད་མ་མ་ཡིན་ཀྱང་རང་གི་སྣང་བ་ལ་མངོན་སུམ་ཚད་མ་ཡིན་པར་བཤེད་དོ། ། རང་རྒྱུད་པ་མན་ཆད་ཀྱིས་ཤེས་པ་ཡིན་ན་རང་གི་སྣང་ཡུལ་ཡོད་པས་ཁྱབ་པར་བཞེད་ཀྱང་རང་གི་གཞལ་བྱ་རྟོགས་པས་ཁྱབ་པར་མི་བཞེད་དོ།

language:
Tibetan

2. Thupten Phuntsok Dictionary

སྒྲ་རྟག་འཛིན་རྟོག་པའི་དོན་སྤྱི་ལ་སྒྲ་རྟག་འཛིན་རྟོག་པར་སྣང་བའི་ཆ་དེའོ། །ལུགས་འདིར་ཤེས་པ་ཡིན་ན་རང་གི་གཞལ་བྱ་རྟོགས་པས་ཁྱབ་པར་བཞེད་པས་རི་བོང་རྭའི་དོན་སྤྱི་དང་སྒྲ་རྟག་པའི་དོན་སྤྱི་གཉིས་སོ་སོར་རི་བོང་རྭ་འཛིན་རྟོག་པ་དང་སྒྲ་རྟག་འཛིན་རྟོག་པའི་སྣང་ཡུལ་ཙམ་དུ་མ་ཟད་གཞལ་བྱ་ཡིན་པར་འདོད་དེ། གཉིས་སྣང་ཅན་གྱི་ཤེས་པ་ཡིན་ན་རང་གི་སྣང་ཡུལ་ལ་མངོན་སུམ་ཚད་མ་ཡིན་པས་ཁྱབ་པར་བཞེད་པའི་ཕྱིར་ཏེ། སྐྲ་བཤད་འཛག་སྣང་དང་སྒྲ་རྟག་འཛིན་རྟོག་པ་སོགས་ལོག་ཤེས་རྣམས་ཀྱང་རང་ཉིད་མངོན་སུམ་ཚད་མ་མ་ཡིན་ཀྱང་རང་གི་སྣང་བ་ལ་མངོན་སུམ་ཚད་མ་ཡིན་པར་བཞེད་དོ། །རང་རྒྱུད་པ་མན་ཆད་ཀྱིས་ཤེས་པ་ཡིན་ན་རང་གི་སྣང་ཡུལ་ཡོད་པས་ཁྱབ་པར་མི་བཞེད་ཀྱང་རང་གཞལ་བྱ་རྟོགས་པས་ཁྱབ་པར་མི་བཞེད ་དོ། །

language:
Tibetan