Skip to main content Skip to search
sgra tshad pa rin chen rnam rgyal
ID:
T228643
  • སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ (Tibetan, Tibetan script, Original)
    • > sgra tshad pa rin chen rnam rgyal (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dratsé pa rinchen namgyal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བུ་སྟོན་གྱི་སློབ་མའི་གཙོ་བོ་ཐུགས་སྲས་གསུམ་ཡོད་པའིནང་གི་གཅིག་ཡིན། བུ་སྟོ་རིན་པོ་ཆེ་ཞ་ལུའི་མཁན་པོ་ཟུར་ནས་མཀན་ཚབ་ཏུ་འདི་ཉིད་བསྐོ་གཞག་མཛད་པ་ཡིན།

language:
Tibetan

2. Thupten Phuntsok Dictionary

བུ་སྟོན་གྱི་སློབ་མའི་གཙོ་བོ་ཐུགས་སྲས་གསུམ་ཡོད་པའི་ནང་གི་གཅིག་ཡིན། བུ་སྟོན་རིན་པོ་ཆེ་ཞ་ལུའི་མཁན་པོ་ཟུར་ནས་མཁན་ཚབ་ཏུ་འདི་ཉིད་བསྐོ་གཞག་མཛད་པ་ཡིན།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་མགོ་ཙམ་དུ་སྐུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་བྱུང་དང་། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཤིང་འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་ནན་ཏན་དུ་མཛད། ལྷག་པར་དུ་བུ་སྟོན་རིན་ཆེན་གྲུབ (1290—1364) ལ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པའི་ཡོན་ཏན་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་ནས་ཐུགས་སྲས་སུ་གྱུར། བུ་སྟོན་རིན་ཆེན་གྲུབ་སྐུ་གཤེགས་རྗེས་ཞ་ལུ་དགོན་པའི་གདན་ས་ལོ་སུམ་ཅུ་སོ་གཉིས་ཀྱི་རིང་དུ་བསྐྱངས་པ་མཛད། ཁོང་གི་རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། ཁོང་ནི་ཞ་ལུ་དགོན་པའི་མཁན་རབས་བཅུ་གཉིས་པ་ཡིན། \nཁོང་གི་གསུང་རྩོམ་ནི《བུ་སྟོན་གྱི་རྣམ་ཐར་སྙིམ་པའི་མེ་ཏོག》དང་། 《རྣམ་སྲས་ཞི་དྲག་གི་ཀ་བསྟོད》། 《བདེ་གཤེགས་སྙིང་པོའི་མཛེས་རྒྱན་གྱི་རྒྱན་མཁས་པའི་ཡིད་འཕྲོག》། 《བྱམས་པའི་བསྟོད་པ》། [426] 《རྨི་ལམ་བརྟག་པ》བཅས་ཆོས་ཚན་ལྔ་བཅུ་ང་གཅིག་བཞུགས་སོ། །

language:
Tibetan