Skip to main content Skip to search
sgrib gnyis rim can du spong ba
ID:
T228739
  • སྒྲིབ་གཉིས་རིམ་ཅན་དུ་སྤོང་བ (Tibetan, Tibetan script, Original)
    • > sgrib gnyis rim can du spong ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drib nyi rimchen du pongwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྣལ་འབྱོར་དབུ་མ་རང་རྒྱུད་པ་ལྟར་ན། ཐེག་ཆེན་རིགས་ངེས་ཀྱིས་མཐར་ཆེན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཕྲ་མོ་ཅིག་ཅར་དུ་སྤངས་ནས་སྐད་ཅིག་གཉིས་པ་ལ་ཆོས་ཀྱི་སྐུ་མངོན་དུ་བྱེད་པར་བཞེདལ། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ལྟར་ན། ཐེག་ཆེན་རིགས་ངེས་ཀྱིས་ས་བརྒྱད་པ་འཐོབ་པའི་ཚེ་ཉོན་མོངས་ས་བོན་དང་བཅས་པ་ཟད་པར་སྤངས་ལ། ས་ཕྱི་མ་གསུམ་གྱིས་ཉོན་མོངས་པའི་བག་ཆགས་དང་བདེན་འཛིན་རྣམས་ཟད་པར་སྤངས་ཏེ་མཐར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་གཉིས་ཟད་པར་སྤངས་ནས་སྐད་ཅིག་གཉིས་པ་ལ་བླ་ན་མེད་པའི་བྱང་ཆུབ་ཆོབ་ཐོབ་པར་བཞེད་དོ། ། འོན་ཀྱང་ཐལ་འགྱུར་བ་ལྟར་ཉོན་མོང་སྒྲིབ་མ་ཟད་བར་དུ་ཤེས་སྒྲིབ་སྤོང་བའི་མགོ་མི་རྩོམ་པར་བཞེད་པའང་མིན་ནོ། །

language:
Tibetan

2. Thupten Phuntsok Dictionary

རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ལྟར་ན། ཐེག་ཆེན་རིགས་ངེས་ཀྱིས་མཐར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཕྲ་མོ་ཅིག་ཅར་དུ་སྤངས་ནས་སྐད་ཅིག་གཉིས་པ་ལ་ཆོས་ཀྱི་སྐུ་མངོན་དུ་བྱེད་པར་བཞེད་ལ། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ལྟར་ན། ཐེག་ཆེན་རིགས་ངེས་ཀྱིས་ས་བརྒྱད་པ་འཐོབ་པའི་ཚེ་ཉོན་མོངས་ས་བོན་དང་བཅས་པ་ཟད་པར་སྤངས་ལ། ས་ཕྱི་མ་གསུམ་གྱིས་ཉོན་མོངས་པའི་བག་ཆགས་དང་བདེན་འཛིན་རྣམས་ཟད་པར་སྤངས་ཏེ་མཐར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་གཉིས་ཟད་པར་སྤངས་ནས་སྐད་ཅིག་གཉིས་པ་ལ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བཞེད་དོ། །འོན་ཀྱང་ཐལ་འགྱུར་བ་ལྟར་ཉོན་སྒྲིབ་མ་ཟད་བར་བར་དུ་ཤེས་སྒྲིབ་སྤོང་བའི་མགོ་མི་རྩོམ་པར་བཞེད་པའང་མིན་ནོ། །

language:
Tibetan