Skip to main content Skip to search
sgrung lde'u bon gsum
ID:
T228750
  • སྒྲུང་ལྡེའུ་བོན་གསུམ (Tibetan, Tibetan script, Original)
    • > sgrung lde'u bon gsum (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drung dé'u bön sum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གནའ་བོའི་དུས་སུ་བོད་ཀྱི་རྒྱལ་སྲིད་སྐྱོང་བྱེད་ཐབས་སུ་བཤད། སྒྲུང་ནི། སྔོན་གི་ལོ་རྒྱུས་རྣམས་གཏམ་རྒྱུད་དང་བསྲེས་ཏེ་བཤད་ཅིང་དེ་ལ་བརྟེན་ནས་བོད་མའི་ཐོག་མར་བྱུང་ཁུངས་དང་། འཕེལ་རྒྱས་བྱུང་ཚུལ་སྐོར་གྱི་གནས་ལུགས་རྣམས་ཤེས་པར་བྱེད་ཅིང་སྲིད་དོན་སྐྱོང་བ་དང་། ལྡེའུ་ནི། དེང་དུས་ཡོངས་གྲགས་ཀྱི་ཁེད་བཤད་ཅེས་པ་དེ་རིགས་གཙོ་བོར་བྱས་པའི་བློ་རིག་རྩེད་པའི་ཐབས་ཤེས་རྣམས་ཏེ། བློ་རིག་སྣ་ཚོགས་སྦྱོང་ནས་དབང་བསྒྱུར་བྱེད་ཐབས་བཙལ་བ་དང་། བོན་ནི་ཆོས་ལུགས་ཏེ་ལྷ་མཆོད་ཅིང་འདྲེ་བཀར་བ་སོགས་མི་མ་ཡིན་པའི་སྟོབས་ཤུགས་ལ་བརྟེན་ཕ་རོལ་གྱི་དགྲ་བཅོམ་པའི་ཐབས་དང་། བདེ་སྡུག་ལེགས་ཉེས་རྣམས་ལྷ་ལ་བཀའ་འདྲི་དང་ཕྲིན་བཅོལ་གྱིས་སྲིད་དོན་སྐྱོང་བའི་ལུགས་ཞིག་ཡིན་པར་སེམས།

language:
Tibetan