- sgro btags pa'i chos
- ID:
- T228785
- སྒྲོ་བཏགས་པའི་ཆོས (Tibetan, Tibetan script, Original)
- > sgro btags pa'i chos (Tibetan, Latin script, Transliteration-THL Extended Wylie Transliteration)
- > drotakpé chö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྟོག་པས་སྒྲོ་བཏགས་པའི་ཆོས་རྣམས་ཏེ་དཔེར་ན། གཅིག་དང་ཐ་དད། མཚན་ཉིད་དང་མཚོན་བྱ་ལ་སོགས་པ་ལྟ་བུའོ། ། དེ་རྣམས་རྟོག་པས་སྒྲོ་བཏགས་པའི་ཆོས་ཡིན་ཏེ། གཅིག་དང་ཐ་དད་ལ་སོགས་པ་རྣམས་དོན་རང་ངོས་ནས་ཚུར་གྲུབ་པ་མེད་ཅིང། སོ་སོ་བ་མ་ཡིན་པའི་ཆོས་དང་སོ་སོ་བའི་ཆོས་གཉིས་ལ་རྟོག་པས་གཅིག་དང་ཐ་དད་ཅེས་བློས་ཕར་སྒྲོ་བཏགས་ཙམ་ཡིན་པས་སོ། ། དེ་ལྟར་རྟོག་པས་སྒྲོ་བཏགས་པའི་ཆོས་ནམས་རང་ལྡོག་ནས་རྟག་པ་ཡིན་ཀྱང་། དེ་ཡིན་ན་རྟག་པ་ཡིན་དགོས་ཏེ། གཅིག་རང་ལྡོག་རྟག་པ་ཡིན་ཀྱང་གཅིག་ཡིན་ན་རྟག་པ་ཡིན་མི་དགོས་པ་ནི་བུམ་པ་གཅིག་ཡིན་པའི་ཕྱིར་ཏེ་དངོས་པོ་ཡིན་པའི་ཕྱིར་རོ། །
- language:
- Tibetan
2. Thupten Phuntsok Dictionary
རྟོག་པས་སྒྲོ་བཏགས་པའི་ཆོས་རྣམས་ཏེ་དཔེར་ན་གཅིག་དང་ཐ་དད། མཚན་ཉིད་དང་མཚོན་བྱ་ལ་སོགས་པ་ལྟ་བུའོ། །དེ་རྣམས་རྟོག་པས་སྒྲོ་བཏགས་པའི་ཆོས་ཡིན་ཏེ། གཅིག་དང་ཐ་དད་ལ་སོགས་པ་རྣམས་དོན་རང་ངོས་ནས་ཚུར་གྲུབ་པ་མེད་ཅིང། སོ་སོ་བ་མ་ཡིན་པའི་ཆོས་དང་སོ་སོ་བའི་ཆོས་གཉིས་ལ་རྟོག་པས་གཅིག་དང་ཐ་དད་ཅེས་བློས་ཕར་སྒྲོ་བཏགས་ཙམ་ཡིན་པས་སོ། །དེ་ལྟར་རྟོག་པས་སྒྲོ་བཏགས་པའི་ཆོས་རྣམས་རང་ལྡོག་ནས་རྟག་པ་ཡིན་ཀྱང་།དེ་ཡིན་ན་རྟག་པ་ཡིན་མི་དགོས་ཏེ། གཅིག་རང་ལྡོག་རྟག་པ་ཡིན་ཀྱང་གཅིག་ཡིན་ན་རྟག་པ་ཡིན་མི་དགོས་པ་ནི་བུམ་པ་གཅིག་ཡིན་ཀྱང་རྟག་པ་མ་ཡིན་ཕྱིར་ཏེ། དངོས་པོ་ཡིན་པའི་ཕྱིར་རོ། །
- language:
- Tibetan