Skip to main content Skip to search
sgro dang skur ba
ID:
T228786
  • སྒྲོ་དང་སྐུར་བ (Tibetan, Tibetan script, Original)
    • > sgro dang skur ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dro dang kurwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྒྲོ་ནི་སྒྲོ་འདོགས་ཅེས་པའི་ཚིག་སྡུད། དེ་ཡང་གཞི་དངོས་པོ་དེར་གཏན་ནས་མེད་པའི་ཁྱད་ཆོས་དང་སྐྱོན་སོགས་ཡོད་པར་བཤད་པ་སྟེ། དཔེར་ན་མདའ་ཡི་རྩེ་མོ་དང་། ཞྭ་ཡི་རྩེ་མོར་སྒྲོ་འདོགས་པ་དང་འདྲ་བ་ཡིན་པས་སྒྲོ་འདོགས་ཞེས་བརྗོད་པ་ཡིན། སྐུར་བ་ནི་སྐུར་འདེབས་ཅེས་པ་སྟེ། རྒྱུ་མཚན་ཡང་མ་དག་པ་ལ་བརྟེན་ནས་ཡོད་པ་དོན་ལ་མེད་པར་ཁས་ལེན་པ་དང་ཚིག་ཏུ་སྨྲ་བ་བཅས་ལ་ཟེར།

language:
Tibetan

2. Thupten Phuntsok Dictionary

སྒྲོ་ནི་སྒྲོ་འདོགས་ཞེས་པའི་ཚིག་སྡུད། དེ་ཡང་གཞི་དངོས་པོ་དེར་གཏན་ནས་མེད་པའི་ཁྱད་ཆོས་དང་སྐྱོན་སོགས་ཡོད་པར་བཤད་པ་སྟེ། དཔེར་ན་མདའ་ཡི་རྩེ་མོ་དང་། ཞྭ་ཡི་རྩེ་མོར་སྒྲོ་འདོགས་པ་དང་འདྲ་བ་ཡིན་པས་སྒྲོ་འདོགས་ཞེས་བརྗོད་པ་ཡིན། སྐུར་བ་ནི་སྐུར་འདེབས་ཞེས་པ་སྟེ། རྒྱུ་མཚན་ཡང་མ་དག་པ་ལ་བརྟེན་ནས་ཡོད་པ་དོན་ལ་མེད་པར་ཁས་ལེན་པ་དང་ཚིག་ཏུ་སྨྲ་བ་བཅས་ལ་ཟེར།

language:
Tibetan