Skip to main content Skip to search
sgro phug pa shAkya seng ge
ID:
T228790
  • སྒྲོ་ཕུག་པ་ཤཱཀྱ་སེང་གེ (Tibetan, Tibetan script, Original)
    • > sgro phug pa shAkya seng ge (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dro pukpa shakya sengé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. bod rgya tshig mdzod chen mo

[622] གསང་སྔགས་རྙིང་མའི་སློབ་དཔོན་ཟུར་མེས་དབོན་རྣམ་གསུམ་དུ་གྲགས་པའི་ཡ་གྱལ། ཟུར་ཆུང་རྒྱ་བོ་བའི་སྲས་ཡིན་ལ། ཡབ་འདས་པའི་ལོ་དེ་ཉིད་རབ་བྱུང་དང་པོའི་ཤིང་སྟག་ལ་འཁྲུངས། ཡབ་ཀྱི་དངོས་སློབ་ཀ་ཆེན་བཞི་བྱ་བ་བསྟེན་ནས་མདོ་སྒྱུ་སེམས་གསུམ་གྱི་གདམས་པ་མཐར་ཕྱིན་པར་སྦྱངས། སྒྲོ་ཕུག་དགོན་པ་བཞེངས་ཏེ་སློབ་མ་སྟོང་འདུས་པར་གྲགས། རབ་བྱུང་གཉིས་པའི་ཤིང་སྟག་ལ་འདས་སོ། …

language:
Tibetan

2. Thupten Phuntsok Dictionary

གསང་སྔགས་རྙིང་མའི་སློབ་དཔོན་ཟུར་མེས་དབོན་རྣམས་གསུམ་དུ་གྲགས་པའི་ཡ་གྱལ། ཟུར་ཆུང་རྒྱ་བོ་བའི་སྲས་ཡིན་ལ། ཡབ་འདས་པའི་ལོ་དེ་ཉིད་རབ་བྱུང་དང་པོའི་ཤིང་སྟག་ལ་འཁྲུངས། ཡབ་ཀྱི་དངོས་སློབ་ཀ་ཆེན་བཞི་བྱ་བ་བསྟེན་ནས་མདོ་རྒྱུད་སེམས་གསུམ་གྱི་གདམས་པ་མཐར་ཕྱིན་པར་སྦྱངས། སྒྲོ་ཕུག་དགོན་པ་བཞེངས་ཏེ་སློབ་མ་སྟོང་འདུས་པར་གྲགས། རབ་བྱུང་གཉིས་པའི་ཤིང་སྟག་ལ་འདས་སོ། །

language:
Tibetan

3. smon lam tshig mdzod chen mo

གསང་སྔགས་རྙིང་མའི་སློབ་དཔོན་ཟུར་མེས་དབོན་རྣམ་གསུམ་དུ་གྲགས་པའི་ཡ་གྱལ། ཟུར་ཆུང་རྒྱ་བོ་བའི་སྲས་ཡིན་ལ། ཡབ་འདས་པའི་ལོ་དེ་ཉིད་རབ་བྱུང་དང་པོའི་ཤིང་སྟག་ལ་འཁྲུངས། ཡབ་ཀྱི་དངོས་སློབ་ཀ་ཆེན་བཞི་བྱ་བ་བསྟེན་ནས་མདོ་སྒྱུ་སེམས་གསུམ་གྱི་གདམས་པ་མཐར་ཕྱིན་པར་སྦྱངས། སྒྲོ་ཕུག་དགོན་པ་བཞེངས་ཏེ་སློབ་མ་སྟོང་འདུས་པར་གྲགས། རབ་བྱུང་གཉིས་པའི་ཤིང་སྟག་ལ་འདས་སོ།

language:
Tibetan

4. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་དང་པོའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ 1074 ལོར་ཡབ་ཟུང་ཆུང་རྒྱ་བོ་དང་། ཡུམ་མངའ་མོ་གཙུག་ཏོར་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རུས་ཟུར་ཡིན། རབ་བྱུང་གཉིས་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ 1134 ལོར་སྐུ་གཤེགས། ཁོང་འཁྲུངས་ལོ་དེར་ཡབ་གཤེགས། ཡུམ་དང་ཞང་པོ་གཉིས་ཀྱིས་བསྐྱངས། དགུང་ལོ་བཅོ་ལྔ་པར་རྙིང་མའི་ཆོག་སྐོར་གསན། དགུང་ལོ་བཅུ་དགུ་པར་ཡབ་ཀྱི་བུ་ཆེན་བཞི་ལས་ཐེག་པ་རིམ་པ་དགུ་ཡི་ཆོས་ཚན་སོ་སོར་[430]གསན་ནས་མཁས་པར་གྱུར། དེ་ནས་ཁོང་གིས་སྒྲོ་ཕུག་དགོན་པ་གསར་འདེབས་མཛད། སློབ་མ་སྟོང་ཚོ་འདུས་པ་ལ་མདོ་སྒྱུ་སེམས་གསུམ་འཆད་མཉན་མཛད་ནས་དུས་འདའ་བའོ། །ཁོང་ནི་གསང་སྔགས་རྙིང་མའི་སློབ་དཔོན་ཟུར་མེས་དབོན་རྣམ་གསུམ་དུ་གྲགས་པའི་ཡ་གྱལ་ཡིན། །

language:
Tibetan