- brgya pa phrag bcu
- ID:
- T228819
- བརྒྱ་པ་ཕྲག་བཅུ (Tibetan, Tibetan script, Original)
- > brgya pa phrag bcu (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyapa trak chu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ལྔ་བརྒྱ་པ་ཕྲག་དང་པོ་དགྲ་བཅོམ་པའི་ལེའུ། ལྔ་བརྒྱ་པ་ཕྲག་གཉིས་པ་ཕྱིར་མི་འོང་པའི་ལེའུ། ལྔ་བརྒྱ་པ་ཕྲག་རྒྱུན་ཞུགས་ཀྱི་ལེའུ་སྟེ་འདི་གསུམ་ལ་རིམ་པ་བཞིན་དགྲ་བཅོམ་པའི་འབྲས་བུ། ཕྱིར་མི་འོང་པའི་འབྲས་བུ། རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་མང་དུ་འབྱུང་བས་ན་དེ་སྐད་ཅེས་བརྗོད་ཅིང་ཁོང་དུ་ཆུད་པའི་ལེའུ་གསུམ་མོ། ། དེ་ནས་ལྔ་བརྒྱ་པ་ཕྲག་གསུམ་ནི་རིམ་པ་བཞིན་ལྷག་མཐོང་གི་ལེའུ། ཏིང་ངེ་འཛིན་གྱི་ལེའུ། ཚུལ་ཁྲིམས་ཀྱི་ལེའུ་སྟེ་རིམ་པ་བཞིན་དེ་གསུམ་དང་ལྡན་པ་མང་དུ་འབྱུང་བས་ན་དེ་སྐད་ཅེས་བརྗོད་ཅིང་སྒྲུབ་པའི་ལེའུ་གསུམ་མོ། ། དེ་ནས་ལྔ་བརྒྱ་པ་ཕྲག་གསུམ་ནི། མངོན་པའི་ལེའུ། མདོ་སྡེའི་ལེའུ། འདུལ་བའི་ལེའུ་སྡེ་རིམ་པ་བཞིན་དེ་གསུམ་ལ་མཁས་པ་མང་དུ་འབྱུང་བས་དེ་སྐད་ཅེས་བརྗོད་ཅིང་ལུང་གི་ལེའུ་གསུམ་མོ། ། ལྔ་བརྒྱ་པ་ཐ་མ་ལ་ལྟ་སྤྱོད་རྣལ་མ་མེད་པར་རབ་བྱུང་གི་རྟགས་ཙམ་འཛིན་པས་རྟགས་ཙམ་འཛིན་པའི་ལེའུ་ཞེས་བཤད་དོ། །
- language:
- Tibetan
2. Thupten Phuntsok Dictionary
ལྔ་བརྒྱ་པ་ཕྲག་དང་པོ་དགྲ་བཅོམ་པའི་ལེའུ། ལྔ་བརྒྱ་པ་ཕྲག་གཉིས་པ་ཕྱིར་མི་འོང་གི་ལེའུ། ལྔ་བརྒྱ་པ་ཕྲག་གསུམ་པ་རྒྱུན་ཞུགས་ཀྱི་ལེའུ་སྟེ་འདི་གསུམ་ལ་རིམ་པ་བཞིན་དགྲ་བཅོམ་པའི་འབྲས་བུ། ཕྱིར་མི་འོང་གི་འབྲས་བུ། རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་མང་དུ་འབྱུང་བས་ན་དེ་སྐད་ཅེས་བརྗོད་ཅིང་ཁོང་དུ་ཆུད་པའི་ལེའུ་གསུམ་མོ། །དེ་ནས་ལྔ་བརྒྱ་པ་ཕྲག་གསུམ་ནི་རིམ་པ་བཞིན་ལྷག་མཐོང་གི་ལེའུ། ཏིང་ངེ་འཛིན་གྱི་ལེའུ། ཚུལ་ཁྲིམས་ཀྱི་ལེའུ་སྟེ་རིམ་པ་བཞིན་དེ་གསུམ་དང་ལྡན་པ་རུ་འབྱུང་བས་ན་དེ་སྐད་ཅེས་བརྗོད་ཅིང་སྒྲུབ་པའི་ལེའུ་གསུམ་མོ། །དེ་ནས་ལྔ་བརྒྱ་པ་ཕྲག་གསུམ་ནི། མངོན་པའི་ལེའུ། མདོ་སྡེའི་ལེའུ། འདུལ་བའི་ལེའུ་སྟེ་རིམ་པ་བཞིན་དེ་གསུམ་ལ་མཁས་པ་མང་དུ་འབྱུང་བས་ན་དེ་སྐད་ཅེས་བརྗོད་ཅིང་ལུང་གི་ལེའུ་གསུམ་མོ། །ལྔ་བརྒྱ་པ་ཐ་མ་ལ་ལྟ་སྤྱོད་རྣལ་མ་མེད་པར་རབ་བྱུང་གི་རྟགས་ཙམ་འཛིན་པས་རྟགས་ཙམའཛིན་པའི་ལེའུ་ཞེས་བཤད་དོ། །
- language:
- Tibetan