Skip to main content Skip to search
brgyad gtor mdzad sgo
ID:
T228828
  • བརྒྱད་གཏོར་མཛད་སྒོ (Tibetan, Tibetan script, Original)
    • > brgyad gtor mdzad sgo (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gyé tor dzego (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བོད་ཟླ་གསུམ་པའི་ཚེས་བརྒྱད་ཉིན་རྩེ་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་པ་ནས་མགོན་པོ་ཞལ་དང་དཔལ་མགོན་སྟོབས་འཕྲོག་དབང་པའི་ལོ་འཁོར་དུས་མཆོད་གཟབ་གསོལ་གནས་གཟིགས་དང་འབྲེལ་དེ་ཉིན་གཞུང་ཞབས་སེར་རྒྱ་རྣམས་དབྱར་ཁའི་ན་བཟའ་བརྗེ་བཞེས་དགོས་པས་སྔ་དྲོ་རྩེ་ཕོ་བྲང་དུ་བཅར་ཏེ་དུང་བཞེས་ཕེབས། གོང་ས་མཆོག་གཟིམ་ཆུང་ཉི་འོད་ཀྱི་བཞུགས་ཁྲིར་ཞབས་སོར་འཁོད་འཕྲལ་སྲིད་བཀས་མཚོན་ནང་མ་མཁན་སྡེ་ཆེ་ཆུང་དང་། རྩེ་ཤོད་ལས་ཚན། དྲུང་དཀྱུས་ཁོངས་གཏོགས་དང་བཅས་པས་མཇལ་ཁ་ཞུས། མུ་མཐུད་རྩེ་ཤོད་ཞབས་གསར་པ་རྣམས་གསར་མཇལ་ཞུ་རྒྱུར་དེ་སྐབས་རྟེན་གསུམ་བཏེགས་འབུལ་དང་འབྲེལ་གྲལ་ལ་འཁོད། གསོལ་ཇ། བཞེས་འབྲས་ཕེབས། འབྱོར་ཐོན་སོགས་འཆར་མཇལ་གང་ཡོད་དང་དམངས་བཅས་ལ་ཕྱག་དབང་དང་སྲུང་མདུད་རེ་བསྩལ་ཏེ་གཟིམ་ཆུང་དུ་ཕེབས། དྲུང་བཞེས་སར་གསོལ་ཚིགས་དཀར་སྐྱོར་དང་། དཀར་སྤྲོ་སོགས་རིམ་བཞིན་ཕེབས། དེ་ནས་ཚོམས་ཆེན་དུ་རྣམ་གྲྭའི་གསོལ་ཚོགས་དབུས་སུ་གོང་ས་མཆོག་དང་སྲིད་བཀའ་སོགས་གཞུང་ཞབས་རྣམས་ནས་མགོན་པོ་གུར་ཞལ་དང་ལྷ་མོ་ཆོས་རྒྱལ་སོགས་ཀྱི་ཞལ་འབག་བཀའ་རྒྱ་མ་རྣམས་ལ་སྙན་དར་འབུལ་གནང་མཛད་སྒོ་གྲོལ། དེ་ཉིན་ནས་བཟུང་དགའ་ལྡན་ལྔ་མཆོད་བར་གཞུང་ཞབས་ཚང་མ་དབྱར་ཆས་བཞེས་དགོས།

language:
Tibetan

2. Thupten Phuntsok Dictionary

བོད་ཟླ་གསུམ་པའི་ཚེས་བརྒྱད

language:
Tibetan