- ngag dbang kun dga' bstan pa'i rgyal mtshan
- ID:
- T228901
- ངག་དབང་ཀུན་དགའ་བསྟན་པའི་རྒྱལ་མཚན (Tibetan, Tibetan script, Original)
- > ngag dbang kun dga' bstan pa'i rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > ngawang kün ga tenpé gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་རེ་གཅིག་པ་ཡིན། ཐུབ་བསྟན་ཡངས་ཅན་གྱི་ཉེ་འདབས་སུ་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གི་དབོན་བརྒྱུད་བླ་བྲང་དཀར་པོའི་མཁས་སློབ་དུ་མ་བྱུང་བའི་རིགས་སུ་རབ་བྱུང་བཅུ་བཞི་པའི་ཆུ་ཕག་སྤྱི་ལོ་༡༨༤༣ལོར་འཁྲུངས། ངོར་ཕན་བདེ་བླ་བྲང་དུ་ཕེབས་ནས་འཇམ་དབྱངས་རིན་ཆེན་རྡོ་རྗེ་སོགས་ལས་སྡོམ་པ་གསུམ་དང་གསུང་ངག་རིན་པོ་ཆེའི་བདུད་རྩི་བཞེས། དགུང་གྲངས་སོ་གསུམ་སྟེ་སྤྱི་ལོ་༡༨༩༥ལོར་རྡོ་རྗེ་འཆང་གི་ཁྲིར་ཕེབས་ནས་ལོ་ལྔའི་རིང་ཐར་རྩེ་ཞབས་དྲུང་རྣམ་གསུམ་སོགས་ལེགས་པར་བསྐྱངས་ནས་དགུང་གྲངས་སོ་བདུན་ཏེ་རབ་བྱུང་བཅོ་ལྔ་པའི་ས་ཕག་སྤྱི་ལོ་༡༨༩༩ལོར་ཞི་བར་གཤེགས་སོ། །
- language:
- Tibetan