Skip to main content Skip to search
ngag dbang kun dga' blo gros
ID:
T228902
  • ངག་དབང་ཀུན་དགའ་བློ་གྲོས (Tibetan, Tibetan script, Original)
    • > ngag dbang kun dga' blo gros (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ngawang kün ga lodrö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བོད་རབ་བྱུང་བཅུ་གཉིས་པའི་ས་མོ་བྱ་ཡི་ལོ་སྟེ་སྤྱི་ལོ་༡༧༢༩ལོར་འཁོན་གྱི་གདུང་བརྒྱུད་འཇམ་དབྱངས་བསོད་ནམས་རིན་ཆེན་དང་། ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བསོད་ནམས་དཔལ་གྱི་དབང་མོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་དགེ་མཚན་དུ་མ་དང་བཅས་ཏེ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་དམ་པའི་བག་ཆགས་རང་ཆས་སུ་སད་ཅིང་ཡབ་རྗེ་མཆོག་གིས་ཀ་ཕྲེང་སོགས་འབུལ་བར་གནང་སྐབས་ཚེགས་མེད་དུ་མཁྱེན་པ་བྱུང་། ཡབ་རྗེ་མཆོག་གི་མདུན་ནས་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་། ས་སྐྱའི་བཀའ་འབུམ། ཐར་རྩེ་རྡོ་རྗེ་འཆང་ནམ་མཁའ་བསམ་འགྲུབ་ཀྱིས་དབང་རྗེས་གནང་སོགས་དུ་མ་གསན་ཅིང་། དངོས་ཉམས་སུ་ཡི་དམ་ལྷག་པའི་ལྷ་དུ་མའི་ཞལ་གཟིགས་ཤིང་ལུང་བསྟན་ཐོབ། དགུང་ལོ་བཅུ་བཞི་པར་ཐར་རྩེ་རྡོ་རྗེ་འཆང་ནམ་མཁའ་བསམ་འགྲུབ་མདུན་ནས་དགེ་བསྙེན་གྱི་སྡོམ་པ་ཡང་དག་པར་བཞེས་ཏེ་མཚན་ངག་གི་དབང་ཕྱུག་ཀུན་དགའ་བློ་གྲོས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་གསོལ། དེ་ནས་མི་རིང་བར་མཁན་པོ་དབང་ཕྱུག་ཕུན་ཚོགས་སོགས་དད་པའི་དགེ་འདུན་གྲངས་ཚང་གི་དབུས་སུ་རབ་ཏུ་བྱུང་སྟེ། གངས་ཅན་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པའི་ཟབ་ཆོས་མདོ་རྒྱུད་ཀུན་གྱི་སྙིང་པོ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཚོགས་བཤད་དང་། སློབ་བཤད་གཉིས་ལས་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བ་དཔལ་ཁའུ་བྲག་རྫོང་གི་བཀའ་སྲོལ་ཚར་ལུགས་སློབ་བཤད་ཐུན་མོང་མ་ཡིན་པའི་དབང་། བྱིན་རླབས། ཁྲིད་ལུང་ཡོངས་སུ་རྫོགས་པ་ཚར་མང་པོ་གནང་སྟེ། ཐར་རྩེ་ནམ་མཁའི་མཚན་ཅན་ཁུ་དབོན། ཀླུ་སྡིངས་ཁུ་དབོན། ཁང་གསར་ཁུ་དབོན་སོགས་སློབ་ཚོགས་བགྲང་ལས་འདས་པ་བསྐྲུན་པ་མ་ཟད། ཁོང་གི་གསུང་རྩོམ་ལ་རྡོ་རྗེ་འཆང་ལ་གསོལ་འདེབས་ཡོན་ཏན་རིན་ཆེན་འབྱུང་གནས། ས་སྐྱ་པའི་གདུང་རབས་དོན་གཉིས་ལྷུན་གྲུབ། དུས་མཆོད་བླ་བྲང་གདུང་རབས་གསོལ་འདེབས་སོགས་ཆོས་ཚན་བདུན་བརྒྱ་ལྷག་ཙམ་བརྩམས་ཏེ་རྗེས་འཇུག་གདུལ་བྱའི་གསོས་སུ་བཞག་སྟེ། མཐར་དགུང་གྲངས་ལྔ་བཅུ་ང་ལྔ་པ་བོད་རབ་བྱུང་བཅུ་གསུམ་པའི་ཆུ་མོ་ཡོས་ཀྱི་ལོ་སྟེ་སྤྱི་ལོ༡༧༨༣ལོར་སྐུ་གཤེགས།

language:
Tibetan