Skip to main content Skip to search
ngag dbang mkhyen rab 'jam dpal
ID:
T228903
  • ངག་དབང་མཁྱེན་རབ་འཇམ་དཔལ (Tibetan, Tibetan script, Original)
    • > ngag dbang mkhyen rab 'jam dpal (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ngawang khyen rab jampal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་དྲུག་ཅུ་པ་ཡིན། ངག་དབང་བློ་གྲོས་སྙིང་པོའི་དབོན་རིགས་སུ་འཁྲུངས། དམ་པ་དེ་ཉིད་ལས་སྡོམ་པ་གསུམ་དང་གསུང་ངག་རིན་པོ་ཆེ་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན། ཁྲི་ཆེན་འཇིགས་མེད་དབང་རྒྱལ་སོགས་ལས་ཀྱང་དབང་ཁྲིད་ལུང་གསུམ་གསན། ཨེ་ཝཾ་གྱི་ཁྲིར་ཕེབས་ནས་བུ་སློབ་དུ་མ་བསྐྱངས། ཁམས་སུ་ཕེབས་ནས་སྡེ་དགེ་ཆོས་རྒྱལ་སོགས་ཆེ་དགུ་མང་པོའི་མཆོད་གནས་མཛད་ནས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་དོ། །

language:
Tibetan